ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ། མཛེས་པའི་བོད་ཡུལ་འགྲིམ་པའི་ཁག་གསུམ་པ།
2019.06.19 ཁུངས། ཀློག་གྲངས། 217

མི་བཟང་ཞང་གི་མགོ་དབུ་སྡེ་བས་བཞི་བཟང་ཁྱིམ་ཚང་བདམས་ནས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏང་བཞིན་པའི་སྐོར་གོ་ཐོས་བྱུང་བས་ཆེད་དུ་རྒྱུས་ལོན་བྱེད་དུ་སོང་།

སྡེ་བའི་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་དང“བཟང་བོ་བཞིའི”དམིགས་ཡུལ་མངོན་འགྱུར་བྱེད་ཆེད། མང་ཚོགས་དབུལ་ཐར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མགོ་དབུ་སྡེ་བའི་“བཞི་བཟང་ཁྱིམ་ཚང་”དཔྱད་འདེམས་བྱས།

དབུལ་མཐར་མཁྲེགས་གཏོར་དང་ཞིང་སྡེ་གསར་པ་འཛུགས་སྐྲུན་སྐོར་གྱི་ཀྲུང་དབྱང་དང་། ཞིང་ཆེན། ཁུལ། རྫོང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དངོས་པོའི་དབུལ་མཐར་དང་། བསམ་པའི་དབུལ་མཐར། སྣང་བརྙན་དབུལ་མཐར་བཅས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་རྨང་གཞིར་བྱེད་པ། ཡ་རབས་སྤྱོད་བཟང་སྐྱེད་སྲིང་བྱེད་པ་བཅས་ཁྱིམ་ཚང་རེ་རེའི་འཕྲོད་བསྟེན་བཟང་བོ་དང་། ཁྱིམ་མཚེས་བར་གྱི་འབྲེལ་བ་ཡག་པོ། སྒྲིག་བཀུར་ཁྲིམས་སྲུང་ཡག་པོ། དྲིན་ཚོར་གྱི་འདུ་ཤེས་ཡག་པོ་བཅས་ཀྱི“བཟང་བོ་བཞིའི”སྲོལ་བཟང་རྒྱུན་འཁྱོངས་བྱེད་དགོས།

ངེས་པར་དུ་ཁྱིམ་ཚང་གི་གཙང་སྦྲ་ཡག་པོ་ཡིན་དགོས་པ་སྟེ། གཅིག མི་སྒེར་གྱིས་གྱོན་གོས་བརྗེ་གསོར་བྱེད་པ་དང་། དུས་ལྟར་ལུས་པོ་བཀྲུ་བ། གཉིས། ཁང་པའི་ཕྱི་ཁྱིམ་གཙང་མ་ཡིན་དགོས་པ། གསུམ། ཁང་པའི་ནང་གི་དངོས་རྫས་རྣམས་གྲལ་དག་པོ་དང་། གྱང་ངོས་སུ་རི་མོ་གང་བྱུང་བྲིས་མེད་པ། བཞི། ཁྱིམ་ཆས་སྣ་ཚོགས་གྲལ་དག་པོར་འཇོག་པ་ལས་གང་བྱུང་དུ་དབྱུག་མི་ཉན་པ་བཅས་ཡིན་དགོས། 

ཕྱི་རྡོ་བརྩིགས་དང་ནང་ཤིང་ལས་གྲུབ་པའི་ཁང་བ་ཀ་བརྒྱད་མ་འདི་ལ་ཐོག་བརྩེགས་གསུམ་ཡོད་པ་དང་། དེ་ལ་ཧ་ལམ་སྒོར་འབུམ་བཞི་ནས་ལྔའི་འགྲོ་གྲོན་ཡོད་ཟེར། 

ཡ་རབས་སྤྱོད་བཟང་ལྡན་པའི་མི་ཞིག་དང་ཁྱིམ་ཚང་ཞིག་ཡིན་ཚེ། དེའི་ཉེ་གམ་གྱི་མི་ལ་ཤུགས་རྐྱེན་བཟང་བོ་ཐེབས་ནས་རིམ་གྱིས་སྤྱི་ཚོགས་ཧྲིལ་བོ་བརྩེ་སེམས་དང་དྲང་བདེན་དྲང་གཞག་ཏུ་གྲུབ་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས། དཔལ་འབྱོར་གོང་འཕེལ། གཟུགས་གཞི་བདེ་ཐང་སོགས་ཕྱོགས་གང་ཅིའི་ཐད་ཕན་ནུས་རྒྱ་ཆེར་ལྡན་པ་གདོན་མི་ཟ། 

བགྲེས་པོ་འདིའི་མིང་ལ་ལྕགས་ཐར་ཟེར་ཞིང་། ད་ལོ་ལོ་དོན་དྲུག་རེད། 2017ལོར་ཁོའི་བུ་འགྲིམ་འགྲུལ་དོན་རྐྱེན་ཞིག་གི་དབང་གིས་སྟབས་མ་ལེགས་པར་ཚེ་ལས་འདས། དེ་ལ་བྱིས་པ་གཉིས་དང་ཆུང་མ་བཅས་ཡོད། ཁོའི་ཆུང་མའི་མིང་ལ་གཡུ་སྒྲོན་ཟེར། མནའ་མ་གཡུ་སྒྲོན་གྱིས་རང་གི་བྱིས་པ་གཉིས་དང་སྤོ་བོ་གསུམ་པོར་བདག་སྐྱོང་བཟང་བོ་བྱེད་ཞོར་ཞོར་ལས་རེ་བཙལ་ནས་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཅི་ཐུབ་བྱས་པ་རེད། གནས་ཚུལ་དེ་ཞང་མི་དམངས་སྲིད་གཞུང་གིས་ཤེས་ཏེ་མནའ་མ་བཟང་མོ་གཡུ་སྒྲོན་ཚང་ལ་ཁང་བ་ལས་སྤྱད་ཀྱི་མ་དངུལ་ཁ་ཚང་བྱིན་པར་མ་ཟད། ཁང་བ་ལས་མགོ་རྩོམ་པའི་ཐོག་མའི་ཇུས་འགོད་སོགས་ཀྱང་ཞང་མི་དམངས་སྲིད་གཞུང་གི་ལས་བྱེད་པས་སྒྲུབ་པ་རེད། རྒྱུས་ལོན་པ་ལྟར་ན། ཁོ་ཚང་ནི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ནའང་བགྲེས་པོ་ལྕགས་ཐར་དང་མནའ་མ་གཡུ་སྒྲོན་སུ་ཡིན་རུང་། མི་དམངས་སྲིད་གཞུང་ལ་དཀའ་ངལ་ཡར་ཞུ་བྱེད་པའམ་ཡང་ན་སྒོར་མོ་སློང་བ་དང་། དམིགས་བསལ་སྲིད་ཇུས་མཁོ་བའི་ཡར་ཞུ་ཐེངས་གཅིག་ཀྱང་ཞུས་མ་མྱོང་ཟེར། མནའ་མ་གཡུ་སྒྲོན་ཞོར་ལས་སུ་བུད་སོང་བས་བཅར་འདྲི་བྱེད་པའི་གོ་སྐབས་མ་བྱུང་། 

གསར་འགོད་པ། དབྱངས་ཅན། སྟོབས་ལྡན་བཀྲ་ཤིས། 

རྩོམ་སྒྲིག་འགན་འཁུར་བ། དབྱངས་ཅན། 
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།  
སྤྱིའི་ལྟ་སྐུལ་བ། རྣ་བྷ།