མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་གྱི་སྐོར་བསྐྱོད་བྱ་འགུལ་སྐུ་འབུམ་དགོན་པ་ནས་སྤེལ།
2019.06.19 ཁུངས། ཀློག་གྲངས། 633

ཟླ6པའི་ཚེས18ཉིན།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། ཚན་རིག་ལག་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲུང་གོ་གློག་སྒུལ་རླངས་འཁོར་མི་བརྒྱའི་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་།  ཀྲུང་གོ་གློག་སྒུལ་རླངས་འཁོར་མི་བརྒྱའི་ཚོགས་པ་དང་མཚོ་སྔོན་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་རྩེད་འགྲན་ཚད་ཡོད་ཀུང་ཟི་གཉིས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་སྐབས་དྲུག་པའི་སྐོར་བསྐྱོད་བྱ་འགུལ་ཧོང་ཀྲོང་རྫོང་ནས་སྤེལ།

ཚེས18ཉིན་གྱི་སྔ་དྲོར། འགྲན་ཞུགས་གློག་སྒུལ་རླངས་འཁོར་རུ་ཁག་ཟི་ལིང་ནས་ལམ་ལ་ཆས་ཏེ་མདོ་སྨད་སྐུ་འབུམ་དགོན་པར་བསྐྱོད་ནས་སྐོར་བསྐྱོད་བྱ་འགུལ་སྤེལ་ཞིང་། སྐབས་འདིའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་གྱི་སྣང་བརྙན་མགྲིན་ཚབ་པ་པིས་བུན་ཅིན་དང་ཀྲིན་ཨོ་ཝེ་སོགས་རྒྱལ་ནང་གི་རྩལ་སྦྱོང་མི་སྣ་གྲགས་ཅན་དག་ཡུལ་དངོས་སུ་ཡོང་ནས་སྐོར་བསྐྱོད་བྱ་འགུལ་ལ་ཟབ་ཞུགས་ཏེ།  འགྲན་ཞུགས་རླངས་འཁོར་རུ་ཁག་དང་མིང་གྲགས་ཅན་གྱི་གདན་ཞུའི་མི་སྣ།   ཆེད་ཞུའི་རླངས་འཁོར་ཁ་ལོ་བ་སོགས་སྐུ་འབུམ་དགོན་པའི་མཆོད་རྟེན་བརྒྱད་ཀྱི་བདུན་དུ་ཕྲེང་ལྟར་སྒྲིག་ནས་དྲན་རྟེན་མཉམ་པར་བསྐྱོན།

སྐབས་འདིའི་འགྲན་སྡུར་དུ་ཞུགས་པའི་གློག་སྒུལ་རླངས་འཁོར་གྱི་རིགས་ལ་པེ་ཅིན་རླངས་འཁོརEX3དང་།  པེ་ཅིན་རླངས་འཁོརEX5  པེ་ཅིན་རླངས་འཁོརEU5  པེ་ཅིན་རླངས་འཁོརEU7  ཧོང་ཆིསE-HS3  ཏུང་ཧྥིནE70  ཁྲང་ཨནEV520  ཀྲུང་ཐེE200 Pro  ཀྲུང་ཐེZ500EV Pro  ཡུས་ཀྲིEV3  པིས་ཡཱ་ཏིསPro EV500  པིས་ཡཱ་ཏིསEV535  ཞའོ་ཕིནG3བཅས་ཡོད།

ནུས་ཁོངས་གསར་བའི་ནུས་རྩལ་འགྲན་སྡུར་སྤེལ་བ་འདིས་གློག་སྒུལ་རླངས་འཁོར་གྱི་ལག་རྩལ་མཐོར་འདེགས་ལ་གཞོགས་འདེགས་ཀྱི་ནུས་པ་ཐོན་ཐུབ་པར་མ་ཟད།  འབག་བཙོག་མེད་པའི་འགྲིམ་འགྲུལ་ཡོ་བྱད་རྒྱ་ཁྱབ་ཏུ་བཏང་ནས་མི་རྣམས་ཀྱི་ཁོར་སྲུང་གི་འདུ་ཤེས་མཐོར་འདེགས་གཏོང་བར་ཡིད་ཆེས་བྱེད་བཞིན་ཡོད་ལ།  འགྲན་སྡུར་རབ་དང་རིམ་པ་སྤེལ་བ་བརྒྱུད་ནས་རང་རྒྱལ་གྱི་ནུས་ཁོངས་གསར་བའི་རླངས་འཁོར་ཐོན་སྐྱེད་ཐད་སྔ་ན་མེད་པས་གྲུབ་འབྲས་ཐོབ་ཐུབ་པར་འབད བརྩོན་བྱེད་བཞིན་ཡོད།

གསར་འགོད་པ།  ལྕགས་ཐར་ཚེ་རིང་།