མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་གྱི་ཁྱད་རྩལ་འགྲན་སྡུར་ཟི་ལིང་ནས་སྤེལ།
2019.06.19 ཁུངས། ཀློག་གྲངས། 290

ཟླ6པའི་ཚེས18ཉིན་གྱི་ཕྱི་དྲོར།  མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་སྐབས་དྲུག་པའི་ཁྱད་རྩལ་འཁྲབ་སྟོན་གྱི་འགྲན་སྡུར་བོད་ཀྱི་གསོ་རིག་རྟེན་མཛོད་གླིང་གི་ཐང་ཆེན་ནས་སྤེལ་བ་དང་།  པེ་ཅིན་རླངས་འཁོརEX3དང་།   ཁྲང་ཨནEV520  ཀྲུང་ཐེE200 Pro  ཏུང་ཧྥིནE70སོགས་ནུས་ཁོངས་གསར་བའི་གློག་སྒུལ་རླངས་འཁོར་རིགས་བཅུ་འགྲན་སྡུར་ལ་ཞུགས།

ཐེངས་འདིའི་འགྲན་སྡུར་གྱི་སྟེང་།  ཆེད་ཞུའི་ཁ་ལོ་བ་རྣམས་ཀྱིས་བྱང་ཆ་ལྡན་ཞིང་ཡིད་ཚོད་ཡོད་པའི་ངང་ནས་ཏུའུ180འཁོར་བ་དང་།  ཏུའུ540འཁོར་བ།  གཡེང་བསྐྱོད་བྱེད་པ།  འཁོར་ལོ་གཉིས་ཀྱི་སྟེང་ནས་བསྐྱོད་པ་སོགས་མིག་དབང་འཕྲོག་པའི་འཁྲབ་སྟོན་བྱས་ཏེ།  ནུས་ཁུངས་གསར་བའི་གློག་སྒུལ་རླངས་འཁོར་གྱི་སྒུལ་ཤུགས་དང་།  སྤུས་ཚད། བདེ་འཇགས་རང་བཞིན། བརྟན་བརླིང་རང་བཞིན་སོགས་གསལ་སྟོན་བྱས།  སྤྱིར་ན་ཉིན་འདི་གར་མཚོ་སྔོན་གྱི་གནམ་གཤིས་ཆར་ཆུ་མོད་པའི་དུས་ལ་འཁེལ་ཡོད་པས།  ས་ངོས་རླན་གཤེར་ཆེ་ན་ཡང་།  གློག་སྒུལ་རླངས་འཁོར་གྱི་ཁྱད་རྩལ་འཁྲབ་སྟོན་བྱེད་པར་ཤུགས་རྐྱེན་ཅི་ཡང་མེད་པར་འགྲན་སྡུར་བདེ་བླག་ངང་སྤེལ།

གསར་འགོད་པ།  ལྕགས་ཐར་ཚེ་རིང་།