རང་ཞིང་གི་ས་ཁུལ་སོ་སོས་ཚོང་གཏམ་གྲོས་ཚོགས་སྟེང་ཁྱད་ཐོན་དངོས་རྫས་འགྲེམ་སྟོན་བྱས།
2019.06.21 ཁུངས། ཀློག་གྲངས། 988

སྤྱི་ཟླ6པའི་ཚེས20ཉིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉི་ཤུ་བ་དངོས་སུ་ཚོགས་མགོ་བརྩམས་པ་དང་བསྟུན་ནས། རང་ཞིང་གི་ཁུལ་དང་གྲོང་ཁྱེར་སོ་སོས་ཀྱང་གོ་སྐབས་དམ་འཛིན་གྱིས་ཁྱད་ཐོན་དངོས་རྫས་རྣམས་མཚོ་སྔོན་གྱི་འགྲེམ་སྟོན་ལྟེ་གནས་ནས་འགྲེམ་སྟོན་བྱས་ཏེ། རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་ཚོང་རྫས་ངོ་སྤྲོད་དང་ཚོང་ལམ་གསར་བ་གཟུགས་རྒྱུའི་ཐད་ལ་ཧུར་ཐག་གང་ལེགས་བྱེད་བཞིན་ཡོད། ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་སྟེང་ཚོང་གཉེར་མཁན་གསར་བ་མང་པོ་ཇེ་མང་དུ་ཕྱིན་ཏེ། སྔོན་མའི་ཚོང་གཏམ་གྲོས་ཚོགས་སྟེང་མེད་པའི་ཁྱད་ལྡན་ཐོན་རྫས་སྣ་མང་འགྲེམ་སྟོན་བྱེད་ཀྱི་ཡོད་པས། སྒོ་འབྱེད་དང་མཉམ་ལས། ལྗང་མདོག་དང་འཕེལ་རྒྱས་བཅས་ཀྱི་བརྗོད་གཞི་ལྟར། འབྲི་ཞོ་དང་ཤ་སྐམ། ཐང་ག གཙགས་དྲུབ། རྒྱན་གོས་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་སྣ་ཚོགས་ཁྲོམ་ར་བཀྲམ་གྱིན་ཡོད།

ཐེངས་འདིའི་འགྲེམ་ཁུལ་སོ་སོར་མཚོན་ན། དེང་རབས་ཀྱི་ཚོང་ལས་གཉེར་ཐབས་ལ་བརྟེན་ནས་ཁྲོམ་རའི་ཁྱབ་རྒྱ་ཇེ་ཆེར་གཏོང་བཞིན་ཡོད་པས།  ཞིང་ཆེན་ཕྱི་ནང་དུ་ཕན་ཚུན་མཉམ་ལས་དང་འབྲེལ་འདྲིས། རིག་གནས་བརྗེ་རེས། ཞིང་ཕྱུགས་ཐོན་རྫས་དང་མཚོ་སྔོན་གྱི་བོད་ཁུལ་ཁྱད་ཐོན་དངོས་རྫས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་དྲིལ་སྒྲོག་བྱེད་པར་ཡང་དོན་སྙིང་གལ་ཆེན་ལྡན་པ་རེད། 

དེ་མིན་ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་ཁང་སོ་སོར་མཚོན་ན་སྔོན་ཐོན་མིན་པའི་ས་ཁུལ་གྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཚོང་གཉེར་བྱེད་ཐབས་ཉམས་ཞིབ་བྱེད་པ་བརྒྱུད་ནས། ལྗང་མདོག་གོང་སྤེལ་དེ་མཚོ་སྔོན་གྱི་དངོས་ཟོག་དང་། བསམ་པའི་དཔལ་ཡོན། ཆབ་སྲིད། སྤྱི་ཚོགས། སྐྱེ་ཁམས་སོགས་ཕྱོགས་སོ་སོར་སྦྲེལ་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་གསར་བར་དམིགས་ནས། ཐོན་ལས་གཙོ་བོ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས། ཚན་རྩལ་གྲུབ་འབྲས་སོགས་འགྲེམ་སྟོན་བྱས་པ་དང་། རང་ཞིང་གི་ཁེ་ལས་གསར་བ་སྐོར་ཞིག་འཕེལ་རྒྱས་འབྱུང་བ་དང་། ཐོན་ལས་གསར་བ་སྐོར་ཞིག་ཚོང་རར་ཐོན་པ། སྲོལ་རྒྱུན་ཐོན་ལས་སྔར་ལས་ལྷག་པར་ཡར་རྒྱས་དང་། ཐོན་ལས་གསར་བ་མགྱོགས་མྱུར་སྒོས་འཕེལ་བ། ཐོན་ལས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་དང་།  དཔལ་འབྱོར་མ་ལག་སྔར་ལས་གསར་སྐྲུན། ག་ས་གང་དུ་ཐོན་ལས་ཀྱི་ནུས་ཤུགས་མངོན་པར་ཕན་ནུས་ཆེན་པོ་ཐོན་ངེས་རེད།