སྐབས་ཉི་ཤུ་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གནས་ཚུལ་བཀོད་པ། ༼ གསུམ་པ ༽
2019.06.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 72

ཧི་ནན་རྫོང་ལྗང་མདོག་རྩྭ་ཐང་སྐྱེ་ལྡན་ཁྱད་ཐོན་ཕྱུགས་རྫས་ཕྱིར་འཚོང་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་བཀྲ་ལུག་གིས་ཕྱུགས་ཐོན་དངོས་རྫས་ཀྱི་ཁྱད་ཆོས་སྐོར་གསར་འགོད་པར་འཚམས་སྦྱོར་བྱེད་བཞིན་པ།

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་བཤམས་ཡོད་པའི་ཧི་ནན་རྫོང་ལྗང་མདོག་རྩྭ་ཐང་སྐྱེ་ལྡན་ཁྱད་ཐོན་ཕྱུགས་རྫས་ཕྱིར་འཚོང་ཚད་ཡོད་ཀུང་ཟིའི་ཕྱུགས་ཐོན་ཐོན་རྫས་སྣ་ཚོགས།

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་བཤམས་ཡོད་པའི་ཧི་ནན་རྫོང་ལྗང་མདོག་རྩྭ་ཐང་སྐྱེ་ལྡན་ཁྱད་ཐོན་ཕྱུགས་རྫས་ཕྱིར་འཚོང་ཚད་ཡོད་ཀུང་ཟིའི་ཕྱུགས་ཐོན་ཐོན་རྫས་སྣ་ཚོགས།

ཉན་མཁན་རྣམ་པ། གསར་འགོད་པས་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་མཉམ་ལས་སྒོ་འབྱེད་དང་ལྷད་མེད་འཕེལ་རྒྱས་ཞེས་པ་བརྗོད་དོན་ཡིན་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཐེངས་ཉི་ཤུ་བའི་སྟེང་རྒྱུས་ལོན་པ་ལྟར་ན། ཧི་ནན་རྫོང་ལྗང་མདོག་རྩྭ་ཐང་སྐྱེ་ལྡན་ཁྱད་ཐོན་ཕྱུགས་རྫས་ཕྱིར་འཚོང་ཚད་ཡོད་ཀུང་ཟིས་ལོ་འདི་དག་གི་རིང་ལ་རྩྭ་ཐང་གི་བྱུང་ཕྱུགས་རའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཆེད་ལས་མཉམ་ལས་ཁང་གི་ཁྱད་སྟོབས་སྔར་ལས་འདོན་སྤེལ་བཟང་བོ་བྱས་ཏེ། ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཤ་སྐམ་དང་རི་སྐྱེས་མེ་ཏོག་གི་བཅུད་ལས་ཐོན་པའི་སྦྲང་རྩི། གཞན་གྲོ་མ་དང་འོ་མར་ཆུར་གསུམ་སོགས་ལྷད་མེད་ཐོན་རྫས་བཅུ་ལྷག་ཐོན་སྐྱེད་དང་ལས་སྣོན་བྱེད་བཞིན་ཡོད་པར་མ་ཟད། ད་ལྟ་དངོས་སུ་ཚོང་རར་བཀྲམས་ཡོད།

ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སུ་ཞུགས་པའི་ཀུང་ཟི་འདིའི་འགན་འཛིན་པ་བཀྲ་ལུག་གིས་གསར་འགོད་པར་བཤད་རྒྱུར།

ཧི་ནན་རྫོང་ལྗང་མདོག་རྩྭ་ཐང་སྐྱེ་ལྡན་ཁྱད་ཐོན་ཕྱུགས་རྫས་ཕྱིར་འཚོང་ཚད་ཡོད་ཀུང་ཟིས་གཅིག་ནས་དེང་རབས་ཁེ་ལས་ཀྱི་དོ་དམ་ལམ་ལུགས་བཙུགས་པ་དང་། གཉིས་ནས་སྤུས་ལེགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་པ། གསུམ་ནས་ཁྱོན་ཡོངས་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཀུན་སློང་བཅས་ལ་རྒྱ་ཆེ་བའི་འཛད་སྤྱོད་པ་ཡོངས་ཀྱིས་གདེང་འཇོག་དང་ཡིད་ཆེས་ཐོབ་བཞིན་ཡོད། 

གསར་འགོད་པ། དཔའ་བརྟན་རྒྱལ། གཡང་འབུམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། ལྷ་བརྟན། 

སྤྱིའི་ལྟ་སྐུལ་བ། རྣ་བྷ།