ཟི་ལིང་གྲོང་ཁྱེར་དོ་དམ་ཅུའུ་ཡིས་ལམ་ལུགས་དང་བྱེད་ཐབས་སྣ་མང་སྤྱད་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བར་གཞོགས་འདེགས་བྱས།
2019.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། ཟི་ལིང་གྲོང་ཁྱེར་དོ་དམ་ཅུའུ་ཡིས་མགྱོགས་མྱུར་སྒོས་གྲོང་ཁྱེར་དོ་དམ་ཁོངས་གཏོགས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་མྱུར་དུ་སྤེལ་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་སྐྲུན་གྱི་བསམ་འཆར་སདཔར་ནས་བཀྲམ་པ་དང་ལམ་ལུགས་བརྒྱད་དང་བྱེད་ཐབས་དྲུག་གཏན་ཁེལ་བྱས་ཏེ་གྲོང་ཁྱེར་དོ་དམ་ཁོངས་གཏོགས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ། ཕྱོགས་ཡོངས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་ཆེད། གྲོང་ཁྱེར་དོ་དམ་ཅུའུ་ཡིས་ངན་འབྲེལ་ནག་འབྲེལ་གནད་དོན་གྱི་འཕེལ་ཕྱོགས་གསར་བ་རྩད་བཅད་དེ་ནན་ཏན་སྒོས་གནད་དོན་འཚོལ་ཞིབ་བྱས་པ་དང་། ཤུགས་ཆེན་པོས་ཞན་ཆ་ཁ་གསབ་་དང་ཞན་ཆ་དུས་ལྟར་གསབ་པ། ཞིབ་ཆ་དང་ལས་རིམ། གནད་ཐིག་བཅས་ནས་དམ་པོར་འཛིན་པ། ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ་བཅས་ལ་འབད་དེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་མྱུར་དུ་སྤེལ་བའི་ཡུན་ཕན་ལམ་ལུགས་ལེགས་པོ་ཞིག་གྲུབ་པར་བྱས། གཅིག་ནས་མ་ལག་ཚད་ལྡན་ཅན་གྲུབ་པར་འབད་འབུངས་བྱས། གཉིས་ནས་དཔྱད་ཞིབ་དཔྱད་འཇོག་མ་ལག་འཐུས་ཚང་འཛུགས་པར་ཤུགས་བསྣན། གསུམ་ནས་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཐུས་ཚང་འཛུགས་པར་ཤུགས་བསྣན། བཞི་ནས་ཚོང་འཕྲིན་ཆུང་བའི་གཞོགས་འདེགས་ལ་བརྟེན་ནས་མཉམ་དུ་བཅོས་སྐྱོང་བྱེད་པའི་ལམ་ལུགས་བཙུགས། ལྔ་ནས་ཁུངས་སྣེ་རྩད་གཅོད་ཀྱི་ལམ་ལུགས་གྲུབ་པར་བྱས། དྲུག་ནས་དུས་ཡུན་ངེས་གཏན་ནང་གི་རྟོག་ཞིབ་འདྲི་རྩད་ལམ་ལུགས་གྲུབ་པར་བྱས། བདུན་ནས་དུས་ཡུན་ངེས་གཏན་ནང་གི་ཉེན་བརྡའི་སློབ་གསོའི་ལམ་ལུགས་གྲུབ་པར་བྱས་མཐར། ཕན་འབྲས་ལྡན་པའི་སྒོ་ནས་འགེབས་སྲུང་བའི་གནད་དོན་འགོག་བཅོས་ནན་མོ་བྱས།