ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ། མཛེས་པའི་བོད་ཡུལ་འགྲིམ་པའི་ཁག་བདུན་པ།
2019.06.26 ཁུངས། ཀློག་གྲངས། 170

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ། མཛེས་པའི་བོད་ཡུལ་འགྲིམ་པའི་བཅར་འདྲི་ཚོགས་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་དུ་བསྐྱོད་པ་ཡིན། 

        ཐོག་མར་ང་ཚོས་ལི་ཐང་ཞེས་པའི་མིང་གི་ཐོག་དོན་ཤེས་དགོས་པར་བསམ། གཅིག་ནི་ལི་ཆུའི་སྟོད་རྒྱུད་དུ་ཡོད་པའི་ཐང་ཆེན་པོ་དེར་ཟེར་བ་དང་། བཤད་སྲོལ་གཞན་ཞིག་ནི་ལིའི་མེ་ལོང་དང་མཚུངས་པའི་ཐང་ཆེན་དེར་ཟེར། ལི་ཆུ་ནི་ཉག་ཆུའི་ཆུ་ལག་སྟེ་མུ་ལི་རང་སྐྱོང་རྫོང་ནས་ཉག་ཆུར་འབབ་པ། ལི་ཐང་འབུམ་ར་ཞེས་པའི་རི་བོ་གྲགས་ཅན་དང་། འབུམ་ཡག་ཐང་། མདོ་སྡེ་ཐང་སོགས་མིང་གྲགས་ཆེ། ཤར་ན་བྲག་དཀར་གནས་རི་དང་།  ལྷོ་ན་སོག་དུང་གནམ་ལྕགས་ཕྲ་མོ།  ནུབ་ན་དགེ་བསྙེན་གནས་རི། བྱང་ན་རྨ་ཆེན་འབུམ་ར་སོགས་ཀྱིས་བསྐོར་ནས་ཡོད་པས་ལི་ཐང་ཟེར།

ལི་ཐང་ནི་ཇ་རྟའི་གནའ་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་པ་མ་ཟད། ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད། ད་དུང་ཁམས་པའི་རིག་གནས་ཀྱི་ལྟེ་གནས་ཤིག་ཀྱང་རེད། རྫོང་མཁར་དུA4རིམ་པའི་མཛེས་ལྗོངས་ཁུལ་དུ་ཁམས་པའི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་ཕུན་སུམ་ཚོགས་པའི་པྲ་ཚིལ་གྱི་གཟུགས་བརྙན་རྟེན་རྫས་བཤམས་སྟོན་ཁང་ཞིག་ཡོད་པར་གཞིགས་ན། དེ་ནི་བོད་རིགས་ས་ཁུལ་ཡོངས་ཀྱི་པྲ་ཚིལ་གྱི་གཟུགས་བརྙན་རྟེན་རྫས་བཤམས་སྟོན་ཁང་ཐོག་མ་རེད།

སྨིས་ངོས་སྙོམས་གྲུ་བཞི་མ་ཉིས་བརྒྱ་ལྷག་ཙམ་ཟིན་པའི་རྟེན་རྫས་བཤམས་སྟོན་ཁང་དེ་ད་བར་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཁང་པའི་ནང་བསྐྲུན་ཡོད། དེ་གའི་སོ་ཕག་རེ་རེ་དང་རྡོ་རེ་རེ་ཚང་མ་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ཁམས་པའི་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཁྲོད་སིམ་ནས་ཡོད། ཁོང་ཚོས་དཀའ་ངལ་ཁྱད་བསད་ཀྱིས་གནའ་བོའི་ཁང་པ་དེར་སྲུང་སྐྱོང་བྱས་པ་མ་ཟད། དེའི་ནང་རྟ་སྒ་སོགས་རྩ་ཆེའི་རིག་དངོས་མང་པོ་ཉར་ཚགས་བྱས་ཡོད། ལི་ཐང་བ་ལ་མཚོན་ནས་བཤད་ན།  དེ་གར་འདུས་ཟིན་པའི་ལོ་རྒྱུས་ལ་ཕྱིར་དྲན་དང་མེས་པོ་གོང་མའི་གཟི་བརྗིད་མཚོན་ཡོད་ཅིང་། གནའ་བོའི་རིག་གནས་ལ་བཅངས་པའི་འདུན་པ་དེ་བས་མཚོན་གྱིན་ཡོད། ལི་ཐང་རྫོང་དུ་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་འགན་ནི་རིག་དངོས་དེ་དག་ལས་བོད་མེས་པོ་གོང་མ་དག་གི་འཚོ་བ་རོལ་སྟངས་དང་གནའ་བོའི་རིག་གནས་ཀྱི་ཉིང་བཅུད་མཚོན་ཐུབ།

2019ལོའི་ཟླ3ཚེས21ཉིན་ལི་ཐང་རྫོང་གིས་གནའ་བོའི་སྡོད་ཁང་དེ་བསྐྲུན་མགོ་བརྩམས་པ་རེད། རྒྱལ་ཁབ་ཕྱི་ནང་དུ་སྡོད་པའི་ཇུས་འགོད་པ་གདན་དྲངས་པ་དང་། ས་གནས་དེ་གའི་མི་རྒན་པ་དང་མཁས་དབང་རྣམས་ལ་བློ་འདྲི་བྱེད་པ་བཅས་བྱས་ནས།  ཁམས་པའི་སྐྱེ་གཟུགས་ཀྱི་ཁྱད་ཆོས་ལྟར་པྲ་ཚིལ་གྱི་སྐུ་པར་ཉེར་གཅིག་ལས་པ་དང་། ལི་ཐང་གི་ས་ཆར་པགས་པ་དང་། སྣམ་བུ། གསེར་ཞྭ་སོགས་གནའ་དུས་ཀྱི་རྒྱན་གོས་དང་དེ་བཞིན་ཁམས་པའི་སྔོན་བྱོན་པའི་གཟུགས་བརྙན་དང་འཚོ་བའི་རྣམ་པ་བསྡུ་གང་ཐུབ་བྱས་པ་རེད། ཁམས་པའི་མིའི་ངོ་གདོང་གི་དབྱིབས་དང་སྐྱེ་གཟུགས་ཀྱི་ཁྱད་ཆོས་ལྟར་བཞེངས་སྐྲུན་བྱས་པའི་པྲ་ཚིལ་ཉིས་བརྒྱ་ཉེར་གཅིག་ཧྲན་ཏུང་ཞིང་ཆེན་དང་པེ་ཅིང་ནས་ཡོང་བའི་ཇུས་འགོད་ཚོགས་པས་བཟོས་པ་རེད། གསལ་བཤད་ཀྱི་ཚིག་ཐམས་ཅད་ལྷ་ས་དང་ཧྲང་ཧའེ་ནས་ཡོང་བའི་ཆེད་ལས་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་དང་དབྱིན་ཡིག་ཏུ་བསྒྱུར་པ་རེད།



ལི་ཐང་གི་ས་ཆ་ཡོངས་ཀྱི་དངོས་པོ་རྙིང་པ་འཚོལ་བསྡུ་བྱེད་པའི་གོ་རིམ་ཁྲོད། ཆེ་ས་ནས་ཤིང་ལས་གྲུབ་པའི་འབྲུ་སྒམ་དང་རྩ་ཆེའི་བོད་ལུགས་གསོ་རིག་གི་ཡོ་བྱད་ཆ་ཚང་བ། ཆུང་ས་ནས་ཤིང་སྒྲོམ་ཆུང་ཆུང་གཅིག་དང་ལུག་ལྤགས་གཅིག་བཅས་ཡོད། གྱོན་གོས་དང་རྒྱན་སྤྲོས་སོགས་ལ་ངེས་པར་དུ་ལི་ཐང་གི་རྒན་རབས་དང་དམངས་སྲོལ་མཁས་པ་དག་གི་མཛུབ་སྟོན་བརྒྱུད་དགོས་པ་རེད། ཐབ་ཀ་ཞིག་ལས་སྐབས་ཀྱང་ངེས་པར་དུ་སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྟེན་ནས་རི་སྟེང་དུ་ས་ལེན་དུ་འགྲོ་དགོས། ལོ་རྒྱུས་ཀྱི་དྲི་མ་ཡལ་བྲོ་མ་ཉམས་པའི་པང་གཅལ་ཞིག་ཡིན་ནའང་ངེས་པར་དུ་སྲོལ་རྒྱུན་གྱི་ཁམས་པའི་བཟོ་རྩལ་ལྟར་ཤིང་གི་ཀ་བ་རྙིང་བས་བཟོ་དགོས།  དུས་ཡུན་ཟླ་གཅིག་ལྷག་ཙམ་གི་རིང་འོ་མ་འཇོ་བ་དང་། ཇ་འཐུང་བ། ཇ་རྟའི་གནའ་ལམ། ཚོང་པས་རྒྱ་མ་འཇལ་བ། ཁམས་པའི་ཚོང་པའི་ཕུ་ཐུང་ནང་ཉོ་ཚོང་བྱེད་པ། འགྲུལ་བས་ཇ་འཐུང་བའི་རྣམ་པ་དང་། གཞས་གཏོང་བ། བདག་པོའི་ཁང་པ། བོད་བཟོའི་ཐབ་ཚང་། གཉེན་སྒྲིག་གི་གོམས་སྲོལ། མཛོད་ཁང་། བལ་འཐག་པ། བོད་ཡིག་ཡིག་གཟུགས། ལི་ཐང་གི་སྲོལ་རྒྱུན་བཟོ་བཀོད་སོགས་པྲ་ཚིལ་བརྐོས་རིས་ཀྱིས་ཁམས་པའི་འདས་ཟིན་པའི་འཚོ་བ་གསོན་ཉམས་དོད་པར་བྱས་ཡོད། ལི་ཐང་རྫོང་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཅིང་ལི་ཏུའུ་ཏུང་གིས་བརྟག་དཔྱད་བྱས་པར་གཞིགས་ན། བོད་རིགས་ཀྱི་པྲ་ཚིལ་གྱི་འདྲ་གཟུགས་བོད་དུ་ཐར་ཐོར་དུ་གནས་ཡོད་པ་དང་། བོད་རིགས་ཀྱི་འདས་ཟིན་པའི་ཐོན་སྐྱེད་དང་འཚོ་བའི་པྲ་ཚིལ་གྱི་གཟུགས་བརྙན་འགྲེམ་སྟོན་དང་འབྲེལ་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་པ་དང་ལི་ཐང་རྫོང་ནི་ཐོག་མ་དེ་རེད། བསྡོམས་རྩིས་བྱས་པ་ལྟར་ན། ཟླ་4ཚེས་20ཉིན་སྒོ་ཕྱེ་བ་ནས་བཟུང་ཆ་སྙོམས་ཉིན་རེར་ཡུལ་སྐོར་བ་བཞི་བརྒྱ་ཙམ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྒྱུར་བཅོས་ཀུང་ཟི་ཡིས་རྗེས་སོར་ཁམས་པའི་རིག་གནས་ཀྱི་ནང་དོན་མུ་མཐུད་སྔོག་འདོན་བྱས་ནས་ལི་ཐང་རོལ་ཆས་དང་། ལི་ཐང་ལྷ་མོ། ལི་ཐང་གླུ་གར་སོགས་རྟེན་རྫས་བཤམས་མཛོད་ཁང་ཆུང་གྲས་10ལྷག་ཙམ་བསྐྲུན་ནས་ཡིད་དབང་འབྲོག་པའི་ཁམས་པའི་མེས་པོ་གོང་མ་དག་གི་ཐུན་མོང་མ་ཡིན་པའི་རིག་གནས་གང་ལེགས་གིས་མངོན་པར་མཚོན་ཡོད།

གསར་འགོད་པ། དབྱངས་ཅན། སྟོབས་ལྡན་བཀྲ་ཤིས། 

རྩོམ་སྒྲིག་འགན་འཁུར་བ། དབྱངས་ཅན། 

ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།