རྨ་ལྷོ་ཁུལ་གྱིས་གཅིག་ཅན་བཅུ་ཡི་མུ་འབྲེལ་བྱ་འགུལ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བརྒྱད་ལོན་པར་རྟེན་འབྲེལ་ཞུས།
2019.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 58

བདུན་པའི་ཚེས་གཅིག་སྔོན་དུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ཏང་ནང་དུ་ཞུགས་པའི་དམ་བཅའ་བསྐྱར་འདོན་བྱེད་པ། ཆེད་དོན་ཏང་གི་སློབ་ཁྲིད་བྱེད་པ། ཏང་ཡོན་གྱི་དང་བླངས་ཞབས་ཞུ་བྱ་འགུལ་སོགས་སྤེལ་བའི་རྨང་གཞིའི་སྟེང་། གཅིག་ཅན་བཅུ་ཡི་མུ་འབྲེལ་བྱ་འགུལ་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བརྒྱད་ལོན་པར་རྟེན་འབྲེལ་ཞུས།

མུ་འབྲེལ་བྱ་འགུལ་ཁྲོད་ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་དཔྱད་འདེམ་གཟེངས་བསྟོད་བྱ་འགུལ་ཐེངས་གཅིག་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ཚོའི་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་ལེགས་ཅན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུའི་འབོད་སྐུལ་བཏང་བ་དང་། འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ། དཀའ་ཁག་ཅན་གྱི་མང་ཚོགས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་ཐེངས་གཅིག་སྤེལ་བ། ཁུལ་དང་རྫོང་གིས་སོ་སོར་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས་པ་དང་། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗོད་དོན་རིག་རྩལ་འཁྲབ་སྟོན་བསྡུས་པ། རྨ་ལྷོ་ཁུལ་བརྙན་འཕྲིན་ཁང་གིས་དགོང་རྒྱུན་དུ་རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་ཐེངས་གཅིག་བསྟན་ནས། དཀའ་སྡུག་ཆེ་བའི་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་ཕྱིར་དྲན་བྱས་པ་དང་། རང་སྲོག་བློས་བཏང་བའི་མི་རིགས་དཔའ་བོར་རྗེས་དྲན་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་བཅས་འདུ་ལ། དེ་དང་མཉམ་དུ། རྨ་ལྷོ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་བཟོ་བའི་ལུས་རྩལ་འགྲན་ཚོགས་བསྡུས་པ་དང་ཆེད་དོན་ཏང་གི་སློབ་ཁྲིད་བྱས་པ། བརྗོད་དོན་འཁྲབ་བཤད་འགྲན་བསྡུར་བསྡུས་པ། ཤེས་བྱ་འགྲན་བསྡུར་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ་བདུན་གཅིག་བསུས།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མུ་མཐུད་དུ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་ཆེད། རྨ་ལྷོ་ཁུལ་ཏང་ཨུས་རྨ་ལྷོ་རུ་བྱ་བ་བསྒྲུབས་མྱོང་བ་དང་འཚོ་བ་རོལ་མྱོང་བའི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་ལས་གནས་སུ་ཡོད་པའི་འགོ་ཁྲིད་ལས་བྱེད་པ་གདན་ཞུ་བྱས་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཟུང་སྦྲེལ་བྱས་ནས། བརྙན་འཕྲིན་གྱི་ཆེད་དོན་བཅར་འདྲིའི་རྣམ་པ་སྤྱད་དེ། ཏང་བཙུགས་ནས་ལོ་ངོ་གོ་བརྒྱད་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་ཕྱིར་བལྟ་བྱས་པ་དང་། རྨ་ལྷོའི་འཕེལ་རྒྱས་འགྱུར་ལྡོག་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་ནས་བྱུང་བའི་འགྱུར་ལྡོག་གསར་བ་གླེང་ནས། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་ལ་དྲིན་ལན་འཇལ་བ། ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་བཏང་བ་དང་སྣེ་ཁྲིད་བྱས།