རྩེ་ཁོག་རྫོང་གིས“དུས་རབས་ཀྱི་དབྱངས་རྟ་སྙན་མོ་ངག་ལ་བཀུག་ནས།རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན”ཞེས་པ་བརྗོད་གཞི་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར98འཁོར་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བ།མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་བྱ་འགུལ་རྒྱ་ཆེར་སྤེལ།
2019.07.02 ཁུངས། ཀློག་གྲངས། 404

ཟླ7པའི་ཚེས1ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས“དུས་རབས་ཀྱི་དབྱངས་རྟ་སྙན་མོ་ངག་ལ་བཀུག་ནས།རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན”ཞེས་པ་བརྗོད་གཞི་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར98འཁོར་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བ།མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་བྱ་འགུལ་རྒྱ་ཆེར་སྤེལ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཏ་ཚོན་གྱིས་ཤིས་ཚིག་འབུལ་བཞིན་པ།

རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སངས་རྒྱས་མཁར་གྱིས་རྫོང་ཨུའི་ཆོད་དོན་སྒྲོག་འདོན་བྱེད་བཞིན་པ།


ཟླ7པའི་ཚེས1ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས“དུས་རབས་ཀྱི་དབྱངས་རྟ་སྙན་མོ་ངག་ལ་བཀུག་ནས།རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན”ཞེས་པ་བརྗོད་གཞི་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར98འཁོར་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བ།མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་བྱ་འགུལ་རྒྱ་ཆེར་སྤེལ།

ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་མེས་རྒྱལ་གྱི་ས་གནས་སོ་སོར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་རྩེ་ཁོག་རྫོང་གི་ལས་རིགས་སོ་སོ་ལའང་དེ་བཞིན་དུ་ཡར་ངོའི་ཟླ་བ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།

ལོ་ངོ་70ཡི་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཁྲོད། སྔོན་ཐོན་གུང་ཀྲུང་ཏང་ཡོན 15 དང་། རྩེ་ཁོག་གི་ཆེས་མཛེས་པའི་སྡེ་དམངས་ཧྲུའུ་ཅི 17 སྔོན་ཐོན་ཏང་གི་བྱ་འགུལ་སྤེལ་མཁན 21 སྔོན་ཐོན་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྔོན་ཐོན་སྡེ་སྡོད་བྱ་སྒྲུབ་པ10བཅས་ལ་གཟེངས་བསྟོད་བྱ་དགའ་གནང་།

རྟེན་འབྲེལ་ཞུ་བའི་བྱ་འགུལ་ཁྲོད《པེ་ཅིན་གྱི་གསེར་རིའི་སྟེང་།》དང《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད།》《བདེ་སྐྱིད་ཀྱི་འཚོ་བ།》སོགས་གླུ་དབྱངས་དང་ཞབས་བྲོ།  སྙན་ངག་གྱེར་འདོན་སོགས་རིག་རྩལ་རྣམ་གྲངས17འཁྲབ་སྟོན་བྱས། མཛའ་བརྩེ་དང་མཐུན་སྒྲིལ་གྱི་འགྲན་སྡུར་བྱས་པ་བརྒྱུད་ཉིན་ཤུག་ཞང་གི་མཉམ་ལེན《བདེ་སྐྱིད་ལྡན་པའི་ཀྲུང་གོ》ཞེས་པ་དང་ཏང་དམངས་སྡེ་ཁག་གི་མཉམ་ལེན《མེས་རྒྱལ་ལགས། ཁྱེད་བདེ་མོ།》ཞེས་པ་གཉིས་པ་བྱ་དགའ་རིམ་པ་དང་པོ་ཐོབ། སྲིད་ཁྲིམས་སྡེ་ཁག་གི་མཉམ་ལེན《མི་དམངས་སྤྱི་ཞབས་པ་མདུན་དུ་སྐྱོད།》ཞེས་པ་དང་། རྫོང་སྲིད་གཞུང་སྡེ་ཁག་གི་མཉམ་ལེན《དུས་རབས་གསར་བར་སྐྱོད་པ།》ཞེས་པ་གཉིས་ལ་བྱ་དགའ་རིམ་པ་གཉིས་པ་ཐོབ། རྫོང་དྲིལ་སྒྲོག་རིག་གནས་སྡེ་ཁག་གི་མཉམ་ལེན《འབྱོར་འབྲིང་ལམ་དུ་གླུ་དབྱངས་ལེན།》ཞེས་པ་དང་། རྫོང་སློབ་གསོ་སྡེ་ཁག་གི་ཞབས་བྲོ《སེམས་ཀྱི་འབོད་པ།》ཞེས་པ། རྫོང་ཞིང་ཕྱུགས་སྡེ་ཁག་གི་མཉམ་ལེན《ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད།》བཅས་ལ་བྱ་དགའ་རིམ་པ་གསུམ་པ་ཐོབ།

རྩེ་ཆུ་གྲོང་རྡལ་དང་ཧོར་གྲོང་རྡལ། དཔྱི་ས་ཞང་བཅས་སྡེ་ཁག་དྲུག་ལ་རྩ་འཛུགས་བྱ་དགའ་ཐོབ།


བྱ་དགའ་དང་པོ་ཐོབ་མཁནཏང་དམངས་དང་ཉིན་ཤུག་སྡེ་ཁག

རྩ་འཛུགས་བྱ་དགའ་ཐོབ་མཁན་དཔྱི་ས་ཞང།  ཧོར་གྲོང་རྡལ།  རྩེ་ཆུ་གྲོང་རྡལ།ཆ་ཀོར་ཞང་། རྡོ་དཀར་མོ་ཞང་།  འཕྲོད་བསྟེན་སྡེ་ཁག

ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག


ཚོགས་རའི་ཟུར་ཞིག


ཚོགས་རའི་ཟུར་ཞིག


གསར་འགོད་པ་ཁྱུང་ཐར་རྒྱལ། ཡེ་ཤེས་མཚོ་རྒྱལ།