ཟླ7པའི་ཚེས2ཉིན་གྱི་དགོང་མོའི་ཆུ་ཚོད7:30སྟེང་། བོད་ཁུལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་ཆེད་བསྐྱོད་བཅར་འདྲིའི་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་སྤེལ།
ཐེངས་འདིའི་བྱ་འགུལ་ནི“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་ཡིད་ལ་དམ་པོར་བཅིངས་པའི
”བརྗོད་དོན་གཞིར་བཟུང་ནས་ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཁམས་པའི་བརྙན་འཕྲིན། དེ་མིན་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།ཀན་སུའུ་དཔའ་རིས་བོད་རང་སྐྱོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ལྷན་འབྲེལ་སྨྱན་བྱད་ལས་ཁུངས་བཅུ་དྲུག་ལྷག་ཞུགས་ཡོད་ལ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་།མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པའི་དུས་དང་བསྟུན་ནས། མཛའ་མཐུན་གྱི་ལམ་ནས་བོད་ཁུལ་འཆམ་མཐུན་འཕེལ་རྒྱས་ཀྱི་འཕོ་འགྱུར་གླེང་བ་དང་། ཟླ7པའི་ཚེས3ཉིན་ནས་བཟུང་། ལྷན་འབྲེལ་སྨྱན་བྱད་ལས་ཁུངས་ཀྱི་གསར་འགོད་པ་དག་གིས་མཚོ་ལྷོའི་ཁོར་ཡུག་སྲུང་སྐྱོབ་དང་། དབུལ་སྐྱོར་མཁྲེགས་གཏོར། མི་རིགས་མཐུན་སྒྲིལ། ཞིང་གྲོང་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ལ་པར་རིས་དང་སྒྲ། བརྙན་ཡོལ་བཅས་བརྒྱུད་ནས། བརྙན་འཕྲིན་དང་དྲ་ལམ། སྐད་འཕྲིན་སྤྱི་སྟེགས་དང་པོད་འཕྲིན་སོགས་སུ་མཚོ་ལྷོའི་ཡུལ་གྱི་མཐོང་ཐོས་མྱོང་གསུམ་ཕྱོགས་ཀུན་ནས་གཏིང་ཟབ་སྒོས་སྤེལ་རྒྱུ་རེད།
བྱ་འགུལ་འགོ་རྩོམ་པའི་མཛད་སྒོའི་སྟེང་ད་རུང་ས་གནས་རང་གི་སྒྱུ་རྩལ་པས་རྒྱང་རིང་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་གླུ་གར་འཁྲབ་སྟོན་བྱས་ནས་བསུ་བ་རྒྱ་ཆེན་བྱས།
མཛད་སྒོའི་ཡུལ་དངོས།
མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བེ་ཞིན་ཧྭ་ཡིས་བྱ་འགུལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས།
མཚོ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀི་བིན་ཅོན་གྱིས་མཛད་སྒོར་འགོ་འཛིན་གནང་།
མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་བང་ཡུང་བུའུ་ནས་ཤིས་ཚིག་འབུལ་བཞིན་པ།
མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ་ནས་གཏམ་བཤད་གནང་།
མཚོ་ལྷོ་ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡང་ཧེ་ལུང་གིས་ལྷན་འབྲེལ་སྨྱན་བྱད་ཀྱི་འཐུས་ཚབ་པར་བྱ་འགུལ་གྱི་དར་ཆ་སྤྲད།
མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གི་མདོ་འཛིན་པ།
རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
མགོ་རྩོམ་མཛད་སྒོ་ཡོངས་སུ་མཇུག་རྫོགས།
གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། ཚེ་མ། ལྕགས་ཐར་ཚེ་རིང་།