རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་གྱི་མིའི་སྡོད་གནས་ལེགས་བཅོས་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་ལྔ་བཏང་།
2019.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིའི་སྡོད་གནས་ལེགས་བཅོས་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་སྡེའི་མིའི་སྡོད་གནས་ཀྱི་རྨས་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཞན་ཆ་མྱུར་དུ་གསབ་ཆེད། ཉེ་སྔོན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལ་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་བྱེ་བ་ལྔ་བཏང་ནས། མཚོ་སྔོན་གྱི་མིའི་སྡོད་གནས་ལེགས་བཅོས་ཆེད་དོན་བཟོ་སྐྲུན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།

བཟོ་སྐྲུན་འཛུགས་སྐྲུན་དེའི་ནང་དོན་ལ་ཞིང་སྡེའི་འཚོ་བའི་གད་སྙིགས་དང་འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་། སྡེ་བའི་རྣམ་པ་མཐོར་འདེགས་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་འདུ། ཞིང་སྡེའི་མིའི་སྡོད་གནས་ལེགས་བཅོས་ཆེད་སྤྱོད་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་བཀོད་སྒྲིག་བྱ་བའི་ཇུས་གཞི་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ལས་ཞིང་སྡེ་ཐིན་སོགས་སྡེ་ཁག་དང་གྲོས་མོལ་བྱས་ཏེ། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་དང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གཉིས་ནས་ཞིང་སྡེའི་མིའི་སྡོད་གནས་ལེགས་བཅོས་བཟོ་སྐྲུན་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས། མིག་སྔར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་རིམ་པ་བཞིན་དུ་བརྒྱུད་བགོ་བྱེད་བཞིན་པར་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་རེ་བ་ནན་མོ་ལྟར་དུས་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་ནས། བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། བཟོ་སྐྲུན་སྔ་མོ་ལས་ལས་མགོ་བརྩམས་ནས། ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པར་ལྟ་སྐུལ་བྱེད་བཞིན་ཡོད།