མཚོ་སྔོན་ཞིང་ཆེན་གྱི་གུང་ཧོ་རྫོང་རྒྱལ་ཁབ་ཁུལ་ཁོངས་རང་བཞིན་གྱི་ནས་བཟང་རྒྱུད་སྤེལ་བྱེད་སར་གྱུར།
2019.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཉེ་ལམ།  རྒྱལ་ཁབ་ཞིང་ལས་ཞིང་སྡེ་པུའུ་ཡིས་བདེན་དཔང་ར་སྤྲོད་བྱས་པ་བརྒྱུད་ནས།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནི་རྒྱལ་ཁབ་ཁུལ་ཁོངས་རང་བཞིན་གྱི་ནས་བཟང་རྒྱུད་སྤེལ་བྱེད་ས་སྐོར་གཉིས་པའི་གྲས་སུ་གཏན་ཁེལ་བྱས། 

རྒྱལ་ཁབ་ཁུལ་ཁོངས་རང་བཞིན་གྱི་རྒྱུད་སྤེལ་བྱེད་ས་གཏན་ཁེལ་བྱེད་པ་ནི་ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། འབྲུ་རིགས་དང་དཔལ་འབྱོར།  ཁྱད་ཐོན་ལོ་ཏོག་ཐོན་ལས་སོགས་བདེ་ཐང་དང་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་། ས་བོན་བཟང་བོའི་རྒྱུད་སྤེལ་སར་ཡུན་རིང་སྲུང་སྐྱོབ་བྱེད་པའི་གཞི་རྩའི་བྱེད་ཐབས་ཡིན།  རྒྱལ་ཁབ་ཁུལ་ཁོངས་རང་བཞིན་གྱི་རྒྱུད་སྤེལ་བྱེད་སར་གྱུར་ན་སྔོན་ལ་རྒྱལ་ཁབ་དེང་རབས་སོན་ལས་མཐོར་འདེགས་ལས་གཞིའི་འཛུགས་སྐྲུན་གྱི་རོགས་སྐྱོར་ཁྱབ་ཁོངས་སུ་འཇོག་རྒྱུ་ཡིན་ལ།  ནོར་སྲིད་མ་དངུལ་དང་སྤྱི་ཚོགས་མ་རྩ་རྒྱུད་བཟང་སྤེལ་སར་གཅིག་བསྡུས་བྱེད་པ་ལ་ཁྲིད་སྟོན་བྱེད་པར་ཕན་པ་ལྡན་ཞིང་། ཞིང་ཆེན་ཡོངས་ཀྱི་རྒྱུད་སྤེལ་བྱེད་སའི་གཞི་ཁྱོན་ཅན་དང་།  འཕྲུལ་ཆས་ཅན། ཞིབ་བསྡུས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་།  ཞིང་ཆེན་ཡོངས་ཀྱི་སོན་ལས་རིམ་པ་སྤོར་བ་དང་།  ནས་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།