རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་དགུ་འབུམ་བདུན་ཁྲི་ལྔ་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་སོགས་ཆེད་དོན་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས།
2019.07.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཐོན་ཚད་མཐོ་ཞིང་གཏན་འཇགས་ཡིན་པའི་ཞིང་ས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སོན་གསོ་གསར་གཏོད་ནུས་པ་དང་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ནུས་པ་མཐོར་འདེགས་གཏོང་ཆེད། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྟུད་མར་མཚོ་སྔོན་ལ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་དགུ་འབུམ་བདུན་ཁྲི་ལྔ་བྱིན་པ་དང་། དེའི་ཁྲོད་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་གཉིས་དང་། དེང་རབས་ཞིང་ལས་འདེགས་སྐྱོར་མ་ལག་གི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་དགུ་ཁྲི་གསུམ་འདུ་ལ། མ་དངུལ་དེ་དག་མཚོ་སྔོན་གྱི་ཚད་གཞི་མཐོ་བའི་ཞིང་ས་དང་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་ཁུངས་ར་བ། ཕྱུགས་སྨན་སྤུས་ཚད་དང་ཕྱུགས་སྨན་འཕྲོ་ལུས་ལྟ་ཞིབ་ཚད་ལེན་ཚོད་ལྟ་ཁང་། འབྲོག་ཁུལ་གྱི་སྲོག་ཆགས་རིམས་འགོག་ཆེད་སྤྱོད་སྒྲིག་ཆས། ལོ་ཏོག་གི་ནད་འབུ་ལྟ་ཞིབ་ཚད་ལེན་ཡན་ལག་ལྟེ་གནས་སོགས་ལས་གཞི་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཞིང་ལས་ཞིང་སྡེ་ལས་ཁུངས་དང་མཉམ་དུ་རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་བགོ་བཤའ་བྱེད་བཞིན་པའི་སྒང་ཡིན་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་རེ་བ་ལྟར་གོ་རིམ་རྗེས་མའི་བྱ་བ་བཟང་བོ་བསྒྲུབ་པ་དང་། བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱེད་པ། ལས་འགན་དུས་བཅད་ལྟར་ཡོངས་འགྲུབ་བྱེད་རྒྱུའི་སྐུལ་མ་བཏང་།