མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ནན་ཅིན་སྒྱུ་རྩལ་སློབ་གླིང་བཅས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། 
2019.08.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བརྒྱད་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར།  མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ནན་ཅིན་སྒྱུ་རྩལ་སློབ་གླིང་བཅས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།  གྲོས་མཐུན་ལྟར་ན།  མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕུལ་བྱུང་སྒྱུ་རྩལ་པ་དང་སྒྱུ་རྩལ་འཇོན་མི་བདམས་ནས་ནན་ཅིན་དུ་གསོ་སྦྱོང་ལ་མངག་པ་དང་།  ནན་ཅིན་གྱི་ཆེད་མཁས་པ་མཚོ་སྔོན་དུ་ཡོང་ནས་སློབ་ཁྲིད་བྱེད་པ་སོགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་ལ་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་ཀྱི་འཇོན་མི་སྐོར་ཞིག་གསོ་སྐྱོང་བྱེད་པ་དང་།  སྤུས་ཚད་མཐོ་བའི་རྩོམ་རིག་སྒྱུ་རྩལ་འཇོན་མའི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་རེད།  ཐེངའ་འདིའི་མཚོ་སྔོན་ཞིང་ཆེན་དང་ནན་ཅིན་སྒྱུ་རྩལ་སློབ་གླིང་བར་གྱི་མཉམ་ལས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་ཐུབ།

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་རིག་སྒྱུ་རྩལ་བྱ་བའི་དཔུང་སྡེའི་སློབ་གསོ་སྣེ་ཁྲིད་དང་གསོ་སྦྱོང་ལ་ཧ་ཅང་མཐོང་ཆེན་བྱས་ཏེ་ཉིས་སྟོང་བཅོ་བརྒྱད་ལོར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་བྱེད་མི་སྣའི་སློབ་གསོ་གསོ་སྦྱོང་གི་ལོ་ལྔའི་འཆར་འགོད་གཏན་ཁེལ་བྱས་ཏེ་དཔར་ནས་བཀྲམ།   ཐེངས་འདིར་ཕྱོགས་གཉིས་ཀྱིས་མཉམ་ལས་གོ་སྐབས་སུ་བྱས་ཏེ་དགེ་མཚན་གསབ་རེས་དང་ཕན་ཚུན་ཁེ་ཕན་བསྐྲུན་པ། མཉམ་ལས་བཟང་བོ་བྱེད་པ།  མཉམ་དུ་འཕེལ་རྒྱས་འགྲོ་བའི་རྩ་དོན་གཞིར་བཟུང་ནས་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་ལས་དོན་ལ་རྒྱུན་ཆད་མེད་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་རེད།