ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཉེར་བརྒྱད་པའི་མང་ཚོགས་འཕྲིན་བཅར་ཞུ་གཏུག་རྒྱུ་ཆ་བཞི་བཅུ་སྤྲད།
2019.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཉིས་སྟོང་བཅུ་དགུ་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་བཅུ་དྲུག་སྟེང་།  ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཉེར་བརྒྱད་པའི་མང་ཚོགས་འཕྲིན་བཅར་ཞུ་གཏུག་རྒྱུ་ཆ་བཞི་བཅུ་སྤྲད་པ་དང་།   དེའི་ནང་།  ཟི་ལིང་གྲོང་ཁྱེར་ལ་ཉེར་བཞི་དང་མཚོ་ཤར་གྲོང་ཁྱེར་ལ་བཅུ།   མཚོ་ནུབ་གྲོང་ཁྱེར་ལ་གཉིས།  མཚོ་ལྷོ་ཁུལ་ལ་གསུམ།  མགོ་ལོག་ཁུལ་ལ་གཅིག་བཅས་ཡོད།   ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་གནད་དོན་གཉིས་གཙོར་བཟུང་ནས་དོ་སྣང་བྱས་ཡོད།  དེའི་ནང་།  ཟི་ལིང་གྲོང་ཁྱེར་ལ་གཅིག་དང་མཚོ་ཤར་གྲོང་ཁྱེར་ལ་གཅིག་བཅས་ཡོད།