ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་གཞུང་ལུགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་རྒྱུས་ལོན་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་རིག་གཞུང་གིས་བསམ་བློར་དྲག་ཆས་སྤྲས་པ་དང་། ཕུགས་བསམ་འདུ་ཤེས་ཇེ་བརྟན་དུ་གཏོང་ཆེད། ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཤེས་བྱ་འགྲན་སྡུར་སྤེལ།
ཐེངས་འདིའི་འགྲན་སྡུར་སྤེལ་བ་དེས་སློབ་སྦྱོང་དང་ཆུ་ཚད། བྱེད་ནུས་བཅས་ཕན་ཚུན་བསྡུར་ཏེ་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་གི་བྱེད་ཐབས་རྒྱ་བསྐྱེད་པ་དང་། སློབ་སྦྱོང་གི་གྲུབ་འབྲས་ཉམས་ཞིབ་བྱས་པར་མ་ཟད། སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་འདུ་ཤེས་བཟང་བོ་མཚོན་པར་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་སློབ་སྦྱོང་གི་སྒུལ་ཤུགས་དང་སྤྲོ་སེམས་མཚོན་པར་བྱས་ཏེ་འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་ལ་སླེབས་པར་བྱས། ཚང་མས་ལང་ལོང་གིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་སྙིང་སྟོབས་ཆེར་སྐྱེད་དང་ཡར་རྒྱས་བརྩོན་ལེན་གྱིས་སྲིད་གྲོས་ཀྱི་བྱ་བ་སོ་སོའི་སྤུས་ཚད་མཐོར་འདེགས་གཏོང་དགོས་ཟེར།