མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་བཅོལ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས།
2019.08.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་ཐོན་པའི་གནས་ཚུལ་ལྟར་ན།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་གཞི་སློབ་གསོའི་ཁྲོད་དུ།  ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་དམིགས་འཛུགས་སྨན་བཅོས་ལས་ཁུངས་ཀྱི་ཉིན་རྒྱུན་ལྟ་སྐུལ་དོ་དམ་དང་།  ཡུལ་དངོས་ཞིབ་བཤེར།  ལྟ་སྐུལ་ཐེར་འདོན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།  ཚུལ་ལྡན་མིན་པའི་སྨན་བཅོས་བྱ་སྤྱོད་དང་སྨན་བཅོས་འགན་བཅོལ་གཡོ་ལེན་བྱེད་པའི་བྱ་སྤྱོད་སྐོར་ཞིག་ཕན་འབྲས་ལྡན་པའི་ངང་བཀག་འགོག་བྱས།