ད་ལོར་ཟི་ལིང་གིས་ཆུའི་བདེ་འཇགས་བཟོ་སྐྲུན་ལ་ཤུགས་བསྣན་ནས་མང་ཚོགས་འབུམ་གཉིས་དང་ཁྲི་དྲུག་སྟོང་བརྒྱད་ལ་ཕན་ཁེ་བསྐྲུན་རྒྱུ་རེད།
2019.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཉེ་ལམ། གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཆུ་བེད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། འཆར་གཞི་ལྟར་ན་ཟི་ལིང་གྲོང་ཁྱེར་གྱིས་ཉིས་སྟོང་བཅུ་དགུ་ལོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ལྷག་བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་མངའ་ཁོངས་ཀྱི་རྫོང་གསུམ་དང་མཁར་བྱང་ས་ཁུལ་ནས་ཞིང་སྡེའི་འཐུང་ཆུ་བདེ་འཇགས་སྲ་བརྟན་དུ་གཏོང་པའི་བཟོ་སྐྲུན་བརྒྱད་ལག་བསྟར་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ནང་ཚུད་པའི་དབུལ་ཕོངས་མ་ཡིན་པའི་མི་གྲངས་ཀྱི་འཐུང་ཆུའི་བདེ་འཇགས་སྔར་ལས་སྲ་བརྟན་མཐོར་འདེགས་གཏོང་རྒྱུ་དང་། གནས་སྤོར་དབུལ་སྐྱོར་གྱི་ཆུ་བེད་སྒྲིག་ཆས་ལྷུ་ལག་སོགས་གཙོ་གནད་དུ་བཟུང་སྟེ། ཤུགས་ཆེན་པོས་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་གྱི་ཆུ་མཁོ་འདོན་ལ་འགན་སྲུང་དང་སྲུང་སྐྱོབ་དོ་དམ་ཆུ་ཚད་ཇེ་མཐོར་བཏང་མཐར། དེས་ས་གནས་མང་ཚོགས་འབུམ་གཉིས་དང་ཁྲི་དྲུག་སྟོང་བརྒྱད་ལ་ཕན་ཁེ་བསྐྲུན་རྒྱུ་རེད།

ཉེ་བའི་ལོ་འདི་དག་གི་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་སྤྱིའི་དམིགས་འབེན་ལྟར་དུ། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་མཐོང་ཆེན་བྱས་ནས། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ནི་ཆུ་བེད་དབུལ་སྐྱོར་བྱ་བའི་འོས་འགན་གཙོ་བོར་བལྟས་ནས་དམ་འཛིན་བྱས་མཐར་ཕན་འབྲས་ངེས་ཅན་བླངས་ཡོད། ཟི་ལིང་གྲོང་ཁྱེར་གྱིས་ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་གཅིག་ལྷག་བཏང་ནས། ཞིང་སྡེའི་འཐུང་ཆུའི་བཟོ་སྐྲུན་བཅུ་གཅིག་ལག་བསྟར་བྱས་ཏེ། དབུལ་ཕོངས་སྡེ་བ་སུམ་བརྒྱ་སུམ་ཅུ་དང་དབུལ་ཕོངས་མི་གྲངས་ཁྲི་བཞིའི་འཐུང་ཆའི་བདེ་འཇགས་སྔར་ལས་སྲ་བརྟན་དུ་བཏང་བ་ལས་གཞན། ཁྱིམ་ཚང་གཅིག་དང་ཁྱིམ་མི་གཅིག་ཀྱང་མི་བསྐྱུར་བའི་བླང་བྱ་ལྟར་དུ། དབུལ་ཕོངས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཕྱོགས་ཡོངས་ནས་ཁེབས་པར་བྱེད་པའི་ལས་དོན་རྨང་རྐང་བརྟན་པོའི་སྒོ་ནས་བསྒྲུབས། དུས་མཚུངས་སུ། གཅིག་བསྡུས་རྣམ་པའི་ཆུ་མཁོ་འདོན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། མང་ཚོགས་འབུམ་གཉིས་དང་ཁྲི་བརྒྱད་ལ་ཕན་ཁེ་བསྐྲུན་མཐར། ཞིང་སྡེའི་མང་ཚོགས་ཀྱིས་བདེ་ཐང་གི་འཐུང་ཆུ་འཐུང་ཐུབ་པར་འགན་ལེན་ཁག་ཐེག་བྱས།