རྩེ་ཁོག་རྫོང་གིས་ཏང་གི་དར་ཆའི་མདུན་དུ་ཡང་བསྐྱར་ནམ་ཡང་ཏང་གི་རྗེས་སུ་འབྲང་ཞེས་པའི་དམ་བཅའ་བརྟན་པོ་བཞག་པ།
2019.08.15 ཁུངས། ཀློག་གྲངས། 380

གསར་འགོད་པ། ཁྱུང་ཐར་རྒྱལ།

ཟླ8པའི་ཚེས15ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ70འཁོར་བ་དང་། མཚོ་སྔོན་བཅངས་འགྲོལ་བྱས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་ཆེད“ཐོག་མའི་དམ་བཅའ་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཛིན”ཞེས་པ་བརྗོད་གཞིར་བཟུང་སྟེ། ཏང་གི་དར་ཆའི་མདུན་དུ་ཡང་བསྐྱར་ནམ་ཡང་ཏང་གི་རྗེས་སུ་འབྲང་ཞེས་པའི་དམ་བཅའ་བརྟན་པོ་བཞག

ཐེངས་འདིའི་བྱ་འགུལ་ཁྲོད་རྫོང་ཡོངས་ཀྱི་ཏང་ཡོན500ལྷག་ཞུགས་ཏེ《ང་དང་ང་ཡི་མེས་རྒྱལ》ཞེས་པའི་གླུ་དབྱངས་གསེང་མཐོར་བླངས་ཏེ་མ་ཡུམ་ཏང་ལ་རང་གི་བརྩེ་སེམས་མཚོན་པར་བྱས།