རྩེ་ཁོག་རྫོང་རྩྭ་ཐང་འབྲོག་པའི་དམངས་སྲོལ་རིག་གནས་་ཡུལ་སྐོར་དུས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ།
2019.08.16 ཁུངས། ཀློག་གྲངས། 347

རྩེ་ཁོག་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་རྩེ་ཁོག་རྫོང་རིག་གནས་དཔེ་མཛོད་ཁང་གིས་འགན་སྒྲུབ་བྱས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩྭ་་ཐང་འབྲོག་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྟོན་ཟླ8པའི་ཚེས་འགོ་ནས་འགོ་བརྩམས་ཏེ་ཉེ་ལམ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་ནས་མཇུག་སྒྲིལ།

ཐེངས་འདིའི་བྱ་འགུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ70འགོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ70འགོར་བར་རྟེན་འབྲེལ་ཞུ་བ་བརྗོད་གཞི་ཡིན་པའི་མུ་འབྲེལ་རིག་རྩལ་བྱ་འགུལ་ཞིག་ཡིན།

བྱ་འགུལ་འདིར་གླུ་དང་རྡུང་ལེན། ལ་གཞས།བོད་འགྱིག། གཏམ་དཔེ་བཅས་བསྡོམས་པས་རིགས་ལྔ་ཡོད་ལ་འགྲན་ཞུགས་པ112ཞུགས་ཏེ་མེས་རྒྱལ་གྱི་འཁྲུངས་སྐར་ལ་བསྟོད་གླུ་ཕུལ་ཡོད།

ཚང་མས་བལྟས་ན། བྱ་འགུལ་འདི་དག་ནི་ཞིས་ཅིན་ཕེན་གྱི་དུས་རབས་གསར་བའི་རིག་རྩལ་འཕེལ་རྒྱས་གཏོང་བའི་དགོངས་པ་དང་མཐུན་ཞིང་། མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོ་འདིའི་དམངས་སྲོལ་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་སུ་གཏོང་བར་སུས་ཀྱང་བསྒྲུན་དུ་མེད་པའི་ནུས་པ་གལ་ཆེན་ཐོན་ཡོད།







གསར་འགོད་པ། ཁྱུང་ཐར་རྒྱལ།