མགོ་ལོག་ཁུལ་གྱིས་སྟོན་དུས་ཀྱི་དབུལ་ཐར་མཁྲེགས་གཏོར་ལས་ཞུགས་དབུལ་སྐྱོར་གྱི་ཆེད་དོན་མི་བསྡུ་བྱ་འགུལ་སྤེལ།
2019.08.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ལས་ཞུགས་དབུལ་སྐྱོར་བརྗོད་སྙིང་དུ་བྱས་པའི་སྟོན་དུས་ཀྱི་ཆེད་དོན་མི་བསྡུ་བྱ་འགུལ་རྟ་བོ་གྲོང་རྡལ་གེ་སར་ཐང་ཆེན་བསྡུས། ཐེངས་འདིའི་བྱ་འགུལ་གྱིས་དམིགས་འབེན་ནི་མཁར་གྲོང་གི་ལས་ཤོར་མི་སྣ། རོང་འབྲོལ་ཁུལ་གྱི་ངལ་རྩོལ་པ་ལྷག་མ་དང་ལྷག་པར་དུ་ཡིག་ཚོགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པ། ལས་ཞུགས་བྱས་མེད་པའི་སློབ་ཆེན་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་སོགས་མི་ཚོགས་གཙོ་བོས་ལས་ཞུགས་བྱེད་པར་རོགས་འདེགས་བྱས་ནས།དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་།

ཐེངས་འདིའི་མི་བསྡུ་བྱ་འགུལ་ལ་ཞུགས་པའི་ཁེ་ལས་ཧྲང་ཧེ་གྲོང་ཁྱེར་ལེན་ཞང་ངལ་རྩོལ་པ་མངག་གཏོང་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞོ་ཞི་ཉིག་སྐྱེས་དངོས་འོ་ལས་མ་རྐང་ཚད་ཡོད་ཀུང་ཟི་སོགས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་བརྒྱ་དང་སོ་གཅིག་ཡོད་པ་དང་། ལས་རྐང་སྟོང་དགུ་གོ་དྲུག་འདོན་སྤྲོད་བྱས། ལས་རྐང་ཐད་ནས་ཞབས་ཞུ་བ་དང་བདེ་སྲུང་བ། ཁ་ལོ་བ། སྣེ་ལེན་པ་སོགས་འདུ་ལ། ལས་ཞུགས་འདོད་བློ་ཡོད་པའི་མི་བདུན་བརྒྱ་དང་ཉི་ཤུས་ངལ་རྩོལ་གྱི་གན་རྒྱ་བཞག