ཟླ་མཆོད་དུས་ཆེན་སྐབས་སུ་མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་གཉིས་དང་སྟོང་དགུ་སྣེ་ལེན་བྱས།
2019.09.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཟླ་མཆོད་དུས་ཆེན་སྐབས་སུ་གསར་འགོད་པས་མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་ཁྲི་གཉིས་དང་སྟོང་དགུ་སྣེ་ལེན་བྱས་པ་དང་།  དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་བདུན་འཕར་ཡོད།    ཡུལ་སྐོར་ཡོང་སྒོ་སྒོར་ས་ཡ་གཉིས་དང་ཁྲི་བདུན་ལྷག་ལ་སླེབས་པ་དང་།  དུས་མཉམ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཉིས་འཕར་ཡོད།  ཡུལ་སྐོར་བ་མང་ཆེ་བ་ནི་ཧྲན་ཞི་དང་ཉིན་ཞ།   ཀན་སུའུ།   ཞིན་ཅང་སོགས་ནས་ཡོང་བ་རེད།

མཚོ་སྔོན་པོ་ནི་རྒྱལ་ཁབ་རིམ་པའི་ལྗོངས་ཁུལ་གྲགས་ཅན་དང་རྒྱལ་ཁབ་ཀྱི་རིམ་པ་ལྔ་བའི་ཡུལ་སྐོར་ལྗོངས་ཁུལ་ཡིན་ལ།   རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་རྒྱལ་སྤྱིའི་བརླན་ས་གཙོ་བོ་ཡིན།  ཉེ་བའི་ལོ་འགའི་རིང་ལ།   མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་བརླན་ས་སྲུང་སྐྱོབ།    འཛུགས་སྐྲུན་བཟོ་སྐྲུན་བསྐྱར་སྐྲུན་སོགས་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཏེ་སྲུང་སྐྱོབ་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་།   སྲུང་སྐྱོབ་ནང་རྐྱེན་ཐོག་མར་འཛུགས་སྐྲུན་བྱས་ཏེ་མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་ཁུལ་གྱི་ཁོར་ཡུག་ལེགས་བཅོས་བཏང་བ་དང་།  མཚོ་སྔོན་པོའི་ཕྱོགས་བསྡུས་སྐྱེ་ཁམས་བྱེད་ནུས་རྒྱུན་མཐུད་ཇེ་དྲག་ཏུ་བཏང་།

དེ་དང་མཉམ་དུ།   ཉེ་བའི་ལོ་འགའི་རིང་ལ།   མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེས་བཟང་བའི་ཟུང་སྦྲེལ་བྱེད་ས་བྱས་པ་དང་།   ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ཐོན་རྫས་ཕུན་ཚོགས་སུ་བཏང་བར་མ་ཟད།    ལོ་མང་པོའི་རིང་ལ་མཚོ་སྔོན་པོའི་རྒྱལ་ཡོངས་ཀྱི་རྐང་ཐང་ཚོགས་ཆེན་སོགས་ལུས་རྩལ་རིག་གནས་ཡུལ་སྐོར་བྱ་འགུལ་སྤེལ་ཏེ་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཀྱི་མིང་རྟགས་འཛུགས་སྐྲུན་བྱེད་པའི་ཐད་ལ་ཕན་ནུས་ཆེན་པོ་ཐོབ།