རིག་གནས་དང་གནས་སྐོར་པུའུ་ནས་ཕྱོགས་བསྡུས་སྡོམ་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ་མཆོད་དུས་ཆེན་སྐབས་སུ་རྒྱལ་ཡོངས་སུ་གནས་སྐོར་སྤྱིའི་མི་གྲངས་དུང་ཕྱུར་གཅིག་དང་ས་ལྔ་ལྷག་ལ་སྣེ་ལེན་བྱས་པ་དང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བདུན་དང་གྲངས་ཆུང་དྲུག་འཕར་སྣོན་བྱུང་། རྒྱལ་ནང་གི་གནས་སྐོར་ཡོང་སྒོ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་བདུན་དུང་ཕྱུར་གཉིས་ལྷག་མངོན་འགྱུར་བྱས་པ་དང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་བདུན་འཕར་སྣོན་བྱུང་། ས་གནས་སོ་སོའི་རིག་གནས་དང་གནས་སྐོར་ཐོན་རྫས་འདོན་སྤྲོད་བྱས་པ་བཟང་ལ་དམངས་སྲོལ་བྱ་འགུལ་སྤེལ་བ་ཕུན་སུམ་ཚོགས་པ་ཡིན།
ཟླ་མཆོད་དུས་ཆེན་སྐབས་སུ་རྒྱལ་ཡོངས་ཀྱི་ལྕགས་ལམ་དང་གཞུང་ལམ། དམངས་སྐྱོད་མཁའ་འགྲུལ་ཕྱོགས་ཀྱི་རྣམ་པ་བརྟན་བརླིང་དང་གོ་རིམ་ལྡན་པ་ཞིག་ཡིན། རྒྱལ་ཡོངས་ཀྱི་ལྕགས་ལམ་ཕྱོགས་ནས་བསྡོམས་པས་གནས་སྐོར་བ་བྱེ་བ་བཞི་དང་ས་ཡ་བརྒྱད་ལྷག་སྐྱེལ་འདྲེན་བྱས་པ་དང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་གནས་སྐོར་བ་ས་ཡ་ལྔ་དང་འབུམ་དྲུག་ལྷག་ཇེ་མང་དུ་སོང་བ་དང་། དམངས་སྐྱོད་མཁའ་འགྲུལ་ཕྱོགས་ནས་གནས་སྐོར་བ་ས་ཡ་བཞི་དང་འབུམ་བདུན་ཁྲི་བཞི་ལྷག་སྐྱེལ་འདྲེན་བྱས་པ་དང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དྲུག་འཕར་སྣོན་བྱུང་།