མཚོ་ནུབ་ཁུལ་གྱིས2019ལོའི་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་ཉིན་མོའི་བྱ་འགུལ་སྤེལ།
2019.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། མཚོ་ནུབ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་ཚན་རྩལ་ཅུའུ། ཁུལ་སློབ་གསོ་ཅུའུ། ཁུལ་ཞིང་ཕྱུགས་ཅུའུ། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི2019ལོའི་མཚོ་ནུབ་ཁུལ་གྱི་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་ཉིན་མོའི་བྱ་འགུལ་གཏེར་ལེན་ཁ་ནས་བསྡུས། བྱ་འགུལ་གྱིས་སྤྱི་མཐུན་རྒྱལ་ཁབ་ལ་བསྟོད་བརྗོད་བྱེད་པ་དང་རིག་སྟོབས་ཀྱི་འཚོ་བ་གསར་བ་བརྗོད་དོན་དུ་བྱས་ནས། གཅིག་བསྡུས་སྒོས་ཚན་རིག་ཉམས་སུ་མྱོང་བ་དང་ཚན་རྩལ་ཁྱབ་གདལ་འཆད་ཁྲིད་སྤེལ་བ། གནམ་དཔྱད་ཚན་རྩལ་ཁྱབ་གདལ་ཁང་ལ་ལྟ་སྐོར་བྱེད་པ་སོགས་ཚན་རྩལ་ཁྱབ་གདལ་ཐད་ཀྱི་དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་སྤེལ།

བྱ་འགུལ་ཡུལ་དངོས་སུ། ཁོངས་གཏོགས་ལས་ཁུངས་སོ་སོས་ཚན་རིག་ཁྱབ་གདལ་འགྲེམ་པང་དང་ཚན་རྩལ་ཁྱབ་གདལ་ཡིག་ཆ་བཀྲམ་པ། ཡུལ་དངོས་ནས་འོས་འགན་སྨན་བཅོས་བྱེད་པ། ཚན་རྩལ་བློ་འདྲི་ཞབས་ཞུ་སོགས་རྣམ་པ་བརྒྱུད་པ་དང་། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་དགོས་མཁོ་ལ་ཟུང་འབྲེལ་བྱས་ཏེ། ན་གཞོན་ལོ་ཆུང་གི་ཚན་རྩལ་བྱ་འགུལ་དང་ཞིང་ཕྱུགས་ལས་ཐད་ཀྱི་ལག་རྩལ། གནམ་གཤིས། ས་འགུལ། སྐྱེ་ཁམས་ཁོར་ཡུག ཟས་རིགས་བདེ་འཇགས། ནད་རིགས་སྔོན་འགོག་སོགས་ཚན་རྩལ་ཁྱབ་གདལ་ཤེས་བྱ་དྲིལ་སྒྲོག་ཤུགས་ཆེར་བྱས་པ་དང་། གྲོང་ཁྱེར་གྱི་སྡོད་དམངས་དང་སློབ་མ་བཅས་ཀྱིས་ཡུལ་དངོས་ནས་དྲ་ཐོག་ནས་ནམ་མཁའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་གནམ་དཔྱད་རྒྱང་ཤེལ་ལ་མྱོང་ཚོར་བྱས།