མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཨ་ཆེན་གངས་རྒྱབ་ཀྱི་སོ་སྲུང་བ་ཞེས་པའི་གསར་རྩོམ་གཏམ་བརྗོད་ཟློས་གར་གྱི་ཐོག་མའི་འཁྲབ་སྟོན་ལེགས་འགྲུབ་བྱུང་བ།
2019.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གསར་རྩོམ་གཏམ་བརྗོད་ཟློས་གར་ཨ་ཆེན་གངས་རྒྱབ་ཀྱི་སོ་སྲུང་བ་ཞེས་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཐོག་མའི་འཁྲབ་སྟོན་བྱས་ལ་སློབ་སྟོན་དུ་ཕེབས་པའི་སྐུ་མགྲོན་སོགས་དགེ་སློབ་སྟོང་གཉིས་དང་ལྔ་བརྒྱ་ལྷག་གིས་ལྟད་མོར་བལྟས།

ཟློས་གར་དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་རིག་གནས་ལྟ་བ་སྲོག་ཤིང་དུ་བྱས་ཤིང་སྐྱེ་ཁམས་སྲུང་སྐྱོབ་ལ་སྣེ་ཁྲིད་དེ་མཚོ་སྔོན་གྱི་རྣམ་པ་གསར་བ་བརྗོད་གཞི་བྱས་པའི་ཕུལ་དུ་བྱུང་བའི་སློབ་གྲྭའི་མཆེད་གྲོགས་དང་གསར་བརྗེ་གདོང་ལེན་པ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་མཚོན་པའི་ཨ་ཆེན་གངས་རྒྱབ་ཀྱི་ལྟ་སྐྱོང་བའི་རྒྱལ་གཅེས་ཀྱི་བསམ་བློ་དང་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་སྙིབ་སྟོབས་བརྗོད་དོན་གཅོ་བོ་བྱས་པའི་དངོས་ཡོད་རིང་ལུགས་བརྗོད་བྱ་བྱས་པའི་གཏམ་བརྗོད་ཟློས་གར་ཞིག་རེད།

གཏམ་བརྗོད་ཟློས་གར་དེ་ལ་སྤྱིའི་འཁྲབ་མཚམས་བཞི་ཡོད་ལ་དུས་ཚོད་སྐར་མ་བརྒྱ་ལྷག་ཡོད། གངས་རིའི་སྐོར་ཞིབ་རུ་ཁག་གི་རུ་མི་པ་སངས་ནོར་བུ་དང་ཚེ་རིང་གནམ་རྒྱལ། ལེད་ཅུན། གསང་བདག་བཅས་མི་སྣ་བཞི་ཁྱིམ་མི་དང་ལས་གྲོགས་དག་ལ་ཁ་གྱེས་དེ་ལ་དང་ལུང་པ་བརྒལ་ལ་མཚེའུ་དང་གཙང་བོ་བརྒྱུད་དེ་ཨ་ཆེན་གངས་རྒྱབ་ཏུ་སྐོར་བསྐྱོད་སོ་སྲུང་དུ་སོང་བའི་ཉིན་བཞི་བཅུ་ལྷག་ལ་བརྒྱུད་པའི་དཀའ་ཁག་དང་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོང་བྱས་པའི་གཏམ་རྒྱུད་བརྗོད་བྱ་བྱས་ཏེ་སྐོར་བསྐྱོད་སོ་སྲུང་བའི་སྐྱེ་ཁམས་འདུ་ཤེས་ཀྱི་བསམ་པ་སྔོན་ལ་འཇོག་པ་དང་ཨ་ཆེན་གངས་རྒྱབ་ཀྱི་སྙིང་སྟོབས་སོགས་དང་གངས་རིའི་སྐོར་ཞིབ་རུ་ཁག་གི་ལྟག་རྒྱབ་ཀྱི་ཁྱིམ་མི་དང་འདོད་མོས་འགན་ལེན་མི་སྣའི་གཏམ་རྒྱུད་སོགས་བརྗོད་བྱ་བྱས་ཡོད།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་འགན་ལེན་མི་སྣས་བཤད་པ་ལྟར་ན།  ཨ་ཆེན་གངས་རྒྱབ་ཀྱི་སོ་སྲུང་བ་ཞེས་པའི་གཏམ་བརྗོད་ཟློས་གར་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་སློབ་དག་གིས་གསར་རྩོམ་དང་བཅོས་སྒྲིག་བྱས་ཤིང་རང་གིས་འཁྲབ་སྟོན་བྱས་པའི་གཏམ་བརྗོད་ཟློས་གར་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་འདུའི་དགོངས་དོན་དངོས་འབེབ་དང་བསམ་བློ་ཆབ་སྲིད་སློབ་གསོ་གཏིང་ཟབ་དུ་སྤེལ་བའི་བྱེད་ཐབས་གསར་བ་སོགས་དང་གཅེས་བཞི་གསུམ་ལྡན་གྱི་སློབ་གསོའི་མཚོན་བྱེད་རང་བཞིན་གྱི་སློབ་རའི་རིག་གནས་མཚོན་རྟགས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ། མཚོ་སྔོན་མི་རིགས་སློབ་ཆེན་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་ཟེར།