གྱི་ཐང་བྱམས་བརྩེ་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་དངོས་སུ་སྒོ་ཕྱེས།
2019.09.21 ཁུངས། ཀློག་གྲངས། 600

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  དཔའ་བརྟན་རྒྱལ། ཐུབ་བསྟན། )གྱི་ཐང་བྱམས་བརྩེ་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་དེ་ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཤམྦྷ་ལ་གཞིས་ཁུལ་དུ་སྒོ་ཕྱེས། 

འདི་ནི་གསར་དུ་སྒོ་འབྱེད་བྱས་པའི་སྣ་འཛོམས་དང་ཆེད་ལས་རང་བཞིན་གྱི་སྒོ་བསྟེན་སྨན་ཁང་ཞིག་སྟེ། སྨན་ཁང་འདིས་ས་ཆ་སོ་སོའི་ནད་པ་སྤྱི་དང་སྒོས་སུ་རྒྱ་ཆེའི་རོང་འབྲོག་ཁུལ་གྱི་ནད་པ་རྣམས་ཟི་ལིང་ལ་ཡོང་ནས་སྨན་པར་སྟོན་སྐབས་ནད་པ་མང་ཤོས་སྐད་རིགས་ཀྱི་བཀག་རྒྱའི་དབང་གིས་རྒྱ་སྨན་ཁང་དུ་སྨན་པར་སྟོན་སྐབས་གོ་བརྡ་གསལ་བོ་ཞིག་མི་འཕྲོད་པའི་དཀའ་ངལ་སེལ་བ་དང་། ཟི་ལིང་གྲོང་ཁྱེར་དུ་འདུས་སྡོད་བྱས་པའི་རྒྱ་ཆེའི་རིགས་སོ་སོའི་ནད་པ་རྣམས་ལ་ཐུན་མོང་མ་ཡིན་པའི་བོད་ལུགས་གསོ་བ་རིག་པའི་གསོ་བཅོས་ཀྱི་གོ་སྐབས་ལེགས་པོ་འདོན་སྤྲོད་བྱེད་པ། ཟི་ལིང་ས་ཆར་བོད་ལུགས་གསོ་རིག་གི་སྨན་ཁང་ཉུང་བའི་གནས་ཚུལ་བཅས་ལ་གཞིགས་ཏེ། ལོ་ངོ་མང་པོའི་རིང་ལ་བོད་ལུགས་གསོ་རིག་གི་གཞུང་ལུགས་ལ་སློབ་སྦྱོང་མཐིལ་ཕྱིན་གནང་ཞིང་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྔོན་ཆད་ཀྱི་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཆེད་མཁས་སྨན་པ་བློ་འབའ་སོགས་ཆེད་ལས་ཀྱི་སྨན་པ་དུ་མ་གདན་ཞུ་བྱས་ཏེ། བལྟ་རེག་དྲི་གསུམ་གྱི་སྒོ་ནས་ཁོང་ནད་དང་ཕྱི་ནད། རུས་ཚུགས་ཀྱི་ནད་སོགས་ནད་པ་རང་ངོས་ཀྱི་ནད་གཞི་དངོས་ཀྱི་གནས་ཚུལ་ལ་ཁ་གཏད་ནས་སྐམ་ཁབ་དང་མེ་བཙའ། མེ་བུམ། ཧོར་མེ། བཅིང་ལུམས། བདུད་རྩི་རྐང་ཁྲུས། ཚྭ་དུགས། དྲིལ་ཕྱིས། གློག་གསོ། སྣུམ་བྱུག་སོགས་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་བཅོས་ཐབས་ལ་བསྟེན་ནས་རྒྱ་ཆེའི་ནད་པ་ཀུན་ལ་གསོ་བཅོས་བྱེད་སའི་སྒོ་བསྟེན་ཁང་ཞིག་ཡིན། 

རྒྱལ་ཡོངས་སྨན་པ་རྒན་རབས་པའི་རིག་གཞུང་ཉམས་མྱོང་རྒྱུད་འཛིན་བྱ་བའི་སློབ་དཔོན་དང་གྱི་ཐང་བྱམས་བརྩེ་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་གི་དབུ་བཞུགས་ཆེད་མཁས་སྨན་པ་བློ་འབའ་ཡིས་བཤད་རྒྱུར། རང་ཉིད་ལ་མཚོན་ན་ལས་འཁྱེར་ངལ་བྱས་ཡོད་རུང་མུ་མཐུད་དུ་རྒྱ་ཆེའི་ནད་པ་རྣམས་ལ་ནད་བརྟག་སྨན་བཅོས་དང་བོད་ལུགས་གསོ་རིག་གི་རྗེས་འཇུག་པ་ཡོངས་ལ་རང་གི་ནད་ཐོག་ལག་ལེན་གྱི་མྱོང་བ་ངོ་མ་རིས་མེད་དུ་སློབ་ཁྲིད་བྱེད་རྒྱུ་ནི་ཆེས་མཐར་ཐུག་གི་དམིགས་འབེན་ཡིན་ལ། དེ་བཞིན་དུ་གྱི་ཐང་བྱམས་བརྩེའི་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་དུའང་ཁོ་ཚོའི་རེ་འདོད་ལྟར་ཟླ་རེའི་ནང་དུ་ཐེངས་གཅིག་རེ་ཡོང་ནས་ནད་བརྟག་སྨན་བཅོས་བྱེད་རྒྱུ་ཡིན། སྒོ་བསྟེན་སྨན་ཁང་འདིར་མཚོན་ན་སྨན་པའི་དཔུང་སྡེ་དང་སྨན་བཅོས་ཆ་རྐྱེན་སོགས་གང་གི་ཐད་ནས་ཀྱང་ཀུན་འཛོམས་ཡིན་པས། ཕྱིས་སུ་རྒྱ་ཆེའི་ནད་པ་རྣམས་ཀྱི་རེ་འདོད་ཡིད་བཞིན་དུ་སྐོང་ཐུབ་པར་ཡིད་ཆེས་ཡོད་ཟེར།

གྱི་ཐང་བྱམས་བརྩེ་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་།

གྱི་ཐང་བྱམས་བརྩེ་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་གི་སྨན་པའི་དཔུང་སྡེ།

གྱི་ཐང་བྱམས་བརྩེ་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་གི་སྒོ་དངོས་སུ་ཕྱེས།

གྱི་ཐང་བྱམས་བརྩེ་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་གིས་སྨན་པ་བློ་འབའ་ལ་དབུ་བཞུགས་ཆེད་མཁས་སྨན་པའི་དཔང་ཡིག་གནང་།

གྱི་ཐང་བྱམས་བརྩེ་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་གི་དབུ་བཞུགས་ཆེད་མཁས་སྨན་པ་བློ་འབའ།

སྨན་པ་པདྨ་འབུམ། 

སྨན་པ་མཱ་ཀྲན་ཧྭ།

སྨན་པ་སྒྲོན་མཚོ།

དངུལ་གཉེར་བ་ལྷ་མོ་ཚེ་རིང་།

སྨན་པ་བློ་འབའ་ལགས་ཀྱིས་སྒོ་བསྟེན་ཁང་གི་སྨན་པ་རྣམས་དང་མཉམ་དུ་ཉམས་མྱོང་བརྗེ་རེས་བྱེད་བཞིན་པ།

སྣུམ་བྱུག

སྐམ་ཁབ།

མེ་བུམ།

བདུད་རྩི་རྐང་ཁྲུས།

བཅིང་ལུམས།


ཚྭ་དུགས།

མེ་བཙའ།