མཚོ་སྔོན་ཞིང་ཆེན་གྱིས་ཆེད་དོན་འགུལ་སྐྱོད་སྤེལ་ཏེ་ད་ལོའི་ལོ་མཇུག་ཏུ་དབུལ་ཕོངས་རྩ་བ་ནས་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་འགན་སྲུང་བྱས།
2019.10.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རོགས་སྐྱོར་ལ་བརྟེན་ནས་དབུལ་ཕོངས་རྩ་བ་ནས་མེད་པར་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ཏེ་ད་ལོའི་ལོ་མཇུག་ཏུ་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་དབུལ་ཕོངས་མི་སྣ་དབུལ་ཐར་བྱེད་པ་དང་དབུལ་ཕོངས་སྡེ་བ་དབུལ་ཕོངས་ལས་ཕྱིར་ཕུད་པ།  དབུལ་ཕོངས་རྫོང་གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཡོད་ཚད་དུས་བཅད་ལྟར་ཕྱོགས་བསྡུས་དབུལ་ཐར་བྱེད་པར་འགན་སྲུང་བྱས་ནས་དབུལ་ཕོངས་མེད་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།

ཉེ་ལམ།  ཞིང་ཆེན་དམངས་སྲིད་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རོགས་སྐྱོར་ལ་བརྟེན་ནས་དབུལ་ཕོངས་རྩ་བ་ནས་མེད་པར་བྱེད་པའི་ཆེད་དོན་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་པ་དང་།   ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྗོང་བཅུ་བདུན་དང་དབུལ་ཕོངས་སྡེ་བ་བརྒྱ་དང་བདུན་ཅུ།  དབུལ་ཕོངས་མི་གྲངས་ཁྲི་བདུན་ལྷག་དང་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་བྱས་ཟིན་པའི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་ཁྱིམ་ཚང་ལ་དམིགས་ཏེ་རོགས་སྐྱོར་བྱེད་ཐབས་མང་པོ་ཕྱིར་བཏོན་ལ།   ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ཏུ་དབུལ་ཕོངས་རྩ་བ་ནས་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།

ཇུས་གཞིའི་ནང་ས་ཁུལ་སོ་སོས་དབུལ་ཕོངས་ཞིབ་བཤེར་བྱ་བ་ཁྱོན་ཡོངས་ནས་སྤེལ་ཏེ་ཞིབ་བཤེར་རྩིས་ཁྲ་ལས་ནས་ཁྱིམ་ཚང་དང་མི་གཅིག་ཀྱང་ཆད་ལུས་མེད་པར་བྱེད་དགོས་པའི་རེ་བ་བཏོན་ཡོད།

མིག་སྔར།   ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོར་ལ་བརྟེན་ནས་དབུལ་ཕོངས་རྩ་བ་ནས་མེད་པར་བྱེད་པའི་ཆེད་དོན་འགུལ་སྐྱོད་དངོས་སུ་སྤེལ་བཞིན་པའི་སྒང་ཡིན།   ཞིང་ཆེན་དམངས་སྲིད་ཐིན་གྱིས་ས་ཁུལ་སོ་སོས་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བའི་མཐུན་སྦྱོར་ནང་རྐྱེན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱས་ནས་སྡེ་ཁག་ཕན་ཚུན་གྱི་རོགས་རེས་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་བ་དང་།   སྤྱི་ཚོགས་རོགས་སྐྱོར་དབུལ་ཐར་ཁྲོད་གནས་པའི་གནད་དོན་གཅིག་གྱུར་ཐག་གཅོད་བྱེད་རྒྱུ་རེད། དེ་དང་མཉམ་དུ།  དམིགས་འབེན་འགན་འཁྲི་དང་ཡོངས་འགྲུབ་དུས་བཅད་ལ་དམིགས་ནས་རྗེས་འདེད་འདྲི་ཞིབ་ལ་ཤུགས་བསྣན་ཏེ་བྱེད་ཐབས་སོ་སོར་མངོན་གསལ་གྱི་འཕེལ་རྒྱས་དང་ཕན་ནུས་ཐོབ་པར་འགན་སྲུང་བྱེད་པ་དང་།  དབུལ་ཕོངས་རྩ་བ་ནས་མེད་པར་བྱེད་པའི་འགུལ་སྐྱོད་ལ་སྔར་ལས་ཆེ་བའི་འཕེལ་རྒྱས་དང་སྔར་ལས་དྲག་པའི་ཕན་ནུས་ཐོབ་པར་སྐུལ་འདེད་གཏོང་རྒྱུ་རེད།