ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ས་འགུལ་རིམ་པ་5.7བྱུང་།
2019.10.28 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀློག་གྲངས། 180

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ལྟར་ན།  སྤྱི་ཟླ་བཅུ་བའི་ཚེས་28ཉིན་གྱི་ཐོ་རེངས་ཆུ་ཚོད1དང་སྐར་མ56ཐོག  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ས་འགུལ་རིམ་པ་5.7བྱུང་པ་དང་། གཏིང་ཚད་སྟོང་སྨི་10ཟིན་ཡོད།  ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དང་།  བསང་ཆུ་རྫོང་དུ་ཚོར་སྣང་ཧ་ཅང་ཆེན་པོ་ཡོད་ཅིང་།  ཐན་ཧྲུའེ་གྲོང་ཁྱེར་དང་།  ལན་ཀྲའུ་གྲོང་ཁྱེར་དུའང་སྣང་ཚོར་མངོན་གསལ་ཡོད།  ས་འགུལ་གྱི་གནོད་འཚེ་བྱུང་རྗེས།  བསང་ཆུ་རྫོང་གྲོང་གི་མང་ཚོགས་རྣམས་རྒྱ་སྲང་དུ་ཉེན་གཡོལ་བྱེད་པར་ཐོན་ཡོད།  མིག་སྔར།  ཞང་དང་གྲོང་རྡལ་ཁག་གིས་གནོད་འཚེའི་གྱོང་གུན་བསྡོམ་རྩིས་རྒྱག་བཞིན་ཡོད་པ་དང་།  མིག་སྔའི་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་འབྱོར་མེད་པ་རེད།