མཚོ་སྔོན་དང་ཀན་སུའུ་ཉིན་ཞ་གསུམ་གྱི་མཐོ་རིམ་སློབ་གྲྭའི་ཁེ་ལས་གསར་སྤེལ་གྱི་རྟིང་རྩོད་འགྲན་སྡུར་གྱི་འགོ་རྩོམ་མཛད་སྒོ་མཚོ་སྔོན་སློབ་ཆེན་ནས་བསྡུས།
2019.10.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཀྲུང་གོ་མཐོ་རིམ་སློབ་གྲྭའི་ཁེ་ལས་གསར་སྤེལ་སློབ་གསོ་མནའ་འབྲེལ་གྱིས་གཙོ་སྒྲུབ་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིན། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སློབ་གསོ་ཐིན་སོགས་ཀྱིས་འཛུབ་སྟོན་དང་མཚོ་སྔོན་སློབ་ཆེན་སོགས་ཀྱི་ལུས་ཁུངས་མང་པོས་འགན་སྒྲུབ་བྱས་པའི་མཚོ་སྔོན་དང་ཀན་སུའུ་ཉིན་ཞ་གསུམ་གྱི་མཐོ་རིམ་སློབ་གྲྭའི་ཐོག་མའི་ཁེ་ལས་གསར་སྤེལ་གྱི་རྟིང་རྩོད་འགྲན་སྡུར་འགོ་རྩོམ་པའི་མཛད་སྒོ་མཚོ་སྔོན་སློབ་ཆེན་དུ་བསྡུས།

ཐེངས་འདིའི་འགྲན་སྡུར་ནི་ད་ལོའི་ཟླ་གསུམ་པར་མགོ་བརྩམས་པ་ཡིན་ལ།ལྗང་མདོག་ཁེ་ལས་དང་ལྗང་མདོག་སྐྱེ་ཁམས། ལྗང་མདོག་གྲོང་ཁྱེར། ལྗམ་མདོག་འཚོ་བ་བཅས་བརྗོད་གཞི་ཡིན་ལ་འགྲན་སྡུར་གྱི་རྣམ་གྲངས་ལ་བརྟག་དཔྱད་མཇུག་འབྲས་ཀྱི་འགྲན་སྐོར་དང་རིག་གཞུང་དཔྱད་རྩོམ་གྱི་འགྲན་སྐོར། ལྗང་མདོག་ཚན་རྩལ་གསར་བཏོད་བཅོས་སྒྲིག་གི་འགྲན་སྐོར། སློབ་མའི་འགྲན་སྐོར་དང་དར་མའི་འགྲན་སྐོར་སོགས་ཡོད་ལ་ཞིང་ལྗོངས་གསུམ་གྱི་སློབ་གྲྭ་རེ་དྲུག་ནས་རྣམ་གྲངས་ཆིག་སྟོང་དྲུག་བརྒྱ་ཞེ་གཅིག་ལྷག་དང་སློབ་མ་ཁྲི་གཅིག་དང་།  དགེ་རྒན་སྟོང་གཉིས་ལྷག་འགྲན་སྡུར་ལ་ཞུགས་ཤིང་མཇུག་མཐར་ཞིང་ལྗོངས་གསུམ་གྱི་མཐོ་རིམ་སློབ་གྲྭ་སོ་ལྔ་དང་འགྲན་ཞུགས་རྣམ་གྲངས་བརྒྱ་དང་ཉེར་དྲུག་ལྷག་འགྲན་སྡུར་ལ་ཞུགས།