ཉམས་མྱོང་ནི་རྒྱལ་ཁའི་ལམ་བུ་སྟེང་གི་སྒུལ་ཤུགས་ཡིན།
2019.11.05 ཁུངས། ཀློག་གྲངས། 74

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)

ཟླ10པའི་ཚེས29ཉིན་གྱི་སྔ་དྲོར། 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ་སྟེ། ང་ཚོ་བཅར་འདྲི་ཚན་ཆུང་ཏིན་ཞིན་ཆའེ་ཡིས་བཙུགས་པའི་མང་ཨེ་གྲོང་ཁྱེར་གྱི་མིག་སྔའི་སྒོ་རྩིས་ཚོང་ཁང་དུ་སོང་ནས་ཁོང་གི་ལས་སྐྲུན་ཉམས་མྱོང་དང་དེ་བཞིན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་འགན་ཁུར་ནས་ས་གནས་དེ་གའི་དཔལ་འབྱོར་གོང་དུ་འཕེལ་བརཧུར་བརྩོན་བྱས་ཡོད་པ་ཤེས་རྟོགས་བྱུང་པ་མ་ཟད། འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས།

མཚོ་ནུབ་ཁུལ་སྲིད་གྲོས་རྒྱུན་ཨུ། ཏིན་ཞིན་ཆའེ།

ཉམས་མྱོང་ནི་རྒྱུ་ནོམ་ཡིན་པ་དང་། རྒྱལ་ཁའི་ལམ་བུའི་སྟེང་གི་སྒུལ་ཤུགས་ཡིན་ཟེར་བ་ལྟར། 1992ལོར་ཏིན་ཞིན་ཆའེ་མང་ཨེ་གྲོང་ཁྱེར་དུ་ཡོང་ནས་ལས་ཀ་གསར་གཏོད་ཀྱི་ལས་ལ་ཞུགས་པ་རེད། ཆེས་ཐོག་མའི་ལས་ཀ་གླེང་དུས་ཏིན་ཞིན་ཆའེ་དགོད་ཙམ་བྱས་ཤིང་། དོན་ངོ་མར་ང་ཚོས་ཀྱང་སྐབས་ཐོག་དེར་ཁོ་འཕྲད་པའི་དཀའ་སྡུག་རྟོགས་ཐུབ། ཁོས་སྲང་ལམ་དུ་ཞོགས་ཟས་ཟ་ས་མེད་པ་མཐོང་འཕྲལ་ལས་གཏོད་ཀྱི་ཐད་ལ་བསམ་བློ་གཏོང་འགོ་བརྩམས། 1993ལོར་ཁོས་ཞོགས་ཟས་ཟ་ཁང་ཞིག་གཉེར་བར་ཀུན་གྱི་དགའ་བསུ་ཐོབ་པ་དང་ཡོང་འབབ་ཀྱང་ཉིན་རེར་ཇེ་མང་དུ་གྱུར།

  2016ལོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཆེད་ཏིང་ཞིན་ཆའེ་མཚོ་ནུབ་ཁུལ་ཨུ་ལྷན་གྱི་སྲིད་གཞུང་གིས་ཚོང་འགུགས་དངུལ་འདྲེན་བྱས་པའི་གནས་ཚུལ་འོག ཧོ་ནན་ཞིང་ཆེན་ཧྲང་ཆིག་གྲོང་ཁྱེར་རུའེ་ཧྭ་ལས་རིགས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཡན་ལག་ཀུང་སིའི་ལ་མཉམ་ལས་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བྱ་གཞག་གསར་གཏོད་ཁུལ་བསྐྲུན་པ་དང་། གླིང་ཁུལ་གྱི་འཛུགས་སྐྲུན་དེས་མང་ཨེ་ས་ཁུལ་གྱི་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་ཁྲིད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གླིང་ཁུལ་གྱི་བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ15800ཡོད་པ་དང་། སྤྱིའི་མ་དངུལ་སྒོར་ཁྲི520བཏང་ཞིང་། གླིང་ཁུལ་ནང་དུ་མགྲོན་ཁང་དང་། སློབ་ཆེན་སློབ་མ་དང་དབང་པོ་སྐྱོན་ཅན་བཅས་ཀྱི་ལས་རིགས་གསར་སྤེལ་ཐོག་ཁང་དང་། གློག་རྡུལ་ཚོང་དོན་ཐོག་ཁང་། དེང་རབས་ཅན་གྱི་ཕྱོགས་བསྡུས་ཞིང་ལས་ཉོ་ཚོང་ཚོང་ར་སོགས་བཙུགས་རྗེས། སྔོན་དཔག་བྱས་རྗེས་ལས་ཞུགས་ལས་གནས་བརྒྱ་ཆ་བརྒྱའི་ཡན་ཟིན་ཡོད་པ་དང་། འཛུགས་སྐྲུན་གོང་དུ་སྤེལ་བ་དང་ཆབས་ཅིག་ཏུ་ས་གནས་དེ་གའི་སྡོད་དམངས་ཁག་ཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས།

2018ལོར་ཏིན་ཞིན་ཆའེ་ཡིས་ཞིན་ལོས་ཡོན་ཐོན་ཁུངས་ཉོ་འཚོང་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱས། ཏིན་ཞིན་ཆའེ་ངོ་སྤྲོད་བྱས་པར་གཞིགས་ན།“ཞིན་ལོས་ཡོན་ཐོན་ཁུངས་དང་ཉོ་ཚོང་ཚོང་དོན་ཁྲོམ་རའི་བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4400དང་། ལས་ཞུགས་ལས་གནས་བརྒྱ་དང་སུམ་ཅུ་བཙུགས་པ་ནས་བཟུང་སྟེ་གྲོང་ཁྱེར་གྱི་སྡོད་དམངས་རྣམས་ལ་དངོས་ཟོག་གོང་ཐད་ཀྱི་ཁེ་ཕན་ཐོབ་ཅིང་། འབྲས་ཕྱེ་སྣུམ་དང་སྔོ་ཚལ། དེ་མིན་ཤིང་ཏོག་གི་རིན་གོང་བརྒྱ་ཆའི20གོང་མར་ཆག་ཡོད།”ཅེས་བཤད་པ་རེད།

ལས་སྒོ་གསར་འབྱེད་བྱེད་པའི་དཔེ་གསར་ཆེན་པོས་རང་ཉིད་ཕྱུག་པོར་འགྱུར་བར་མ་ཟད། ད་དུང་མི་སེར་རྣམས་དང་མཉམ་དུ་ཕྱུག་འགྱུར་ཡོང་བར་ཧུར་ཐག་བྱ་དགོས། 2016ལོར་ཁོ་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་། དེས་ནས་བཟུང་། ཁོས་ཁུལ་སྲིད་གྲོས་རྩ་འཛུགས་ཀྱི་གསོ་སྦྱོང་དང་སློབ་སྦྱོང་གི་ཁྲོད་དུ། ཆབ་སྲིད་ཀྱི་བྱང་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད་ལ། ཆབ་སྲིད་ཀྱི་གོ་གནས་ཀྱང་མཐོ་རུ་ཕྱིན་ཡོད། སྤྱི་ཚོགས་ཀྱི་འགན་འཁྲིའི་ཐད་ལ་ཏིན་ཞིན་ཆའེ་ཡིས་མ་དངུལ་སོགས་ཀྱི་ཞལ་འདེབས་ཕུལ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། འགན་ནུས་སྒྲུབ་པའི་ཐད་སྲིད་གྲོས་རྩ་འཛུགས་ཀྱི་སློབ་སྦྱོང་དང་སྦྱོང་བརྡར་ནང་ཧུར་ཐག་གིས་ཞུགས་པ་དང་དེ་བཞིན་ཚོགས་འདུ་སྣ་ཚོགས་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཡར་ཞུ་བྱས་ནས། སྲིད་གྲོས་ཀྱི་སྟེགས་བུ་དེས་མང་ཚོགས་དཀྱུས་མར་དོན་དངོས་དང་དོན་བཟང་སྔར་ལས་མང་པོ་བསྒྲུབས་ཡོད།

མགོ་མཇུག་བར་གསུམ་དུ་དཀའ་སྡུག་ཚད་མེད་མྱོང་ལ་གྲུབ་འབྲས་ཀྱང་ཐོབ་མྱོང་། ཁེ་ལས་གཉེར་མཁན་ཞིག་ཡིན་པའི་ཆ་ནས། ཁོས་ཁ་དན་ཚིག་ལ་གནས་ཤིང་། དཀའ་སྤྱད་ལས་སྐྲུན་དང་འབད་འཐབ་ཧུར་ཐག་བྱས་ཤིང་།སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ཁོང་གིས་མི་སེར་ལ་བསམ་བློ་གཏོང་བ་དང་། དོན་དངོས་ལ་དོ་ཁུར་བྱེད་པ། དམངས་འཚོ་ལ་དོ་ཁུར། ཐབས་འདོན་ཇུས་འབུལ། རང་ཉིད་ཀྱི་ཁེ་ལས་གཉེར་སྐྱོང་ཡག་པོ་བཅས་བྱེད་པ་དང་དུས་མཚུངས་སུ་སྤྱི་ཚོགས་ལ་དྲིན་ལན་ཧུར་ཐག་གིས་འཇལ་བ་དང་། བྱ་སྤྱོད་དངོས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ་སྲིད་གྲོས་ཨུ་ཡོན་ཞིག་གི་ཉམས་འགྱུར་གསལ་པོར་མངོན་ཡོད།