༼མདོ་སྨད་བོང་སྟག་གམ་ལྷ་མཚོའི་འབྱུང་ཡུལ་བྲག་དཀར་ཐེམ་ཆེན་རྫོང་།༽
2019.11.05 ཁུངས། ཀློག་གྲངས། 183

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། 2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲི་ཚན་ཆུང༼མདོ་སྨད་བོང་སྟག་གམ་ལྷ་མཚོའི་འབྱུང་ཡུལ་བྲག་དཀར་ཐེམ་ཆེན་རྫོང་།༽དུ་ཡོང་ནས་སྲིད་གྲོས་བྱ་བའི་ཐད་ནས་བཅར་འདྲི་བྱས།

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐེམ་ཆེན་རྫོང་གི་ཨུ་ཡོན་ལྷན་ཁང་ནི་སྤྱི་ལོ1957ལོའི་ཟླ9པའི་ཚེས20ལ་བཙུགས་པ་ཡིན། རིག་གནས་གསར་བརྗེ་ཡི་རྐྱེན་གྱིས་རྒྱུན་ཆགས་མ་ཐུབ་རེ་ཞིག་ལུས་ཤིང་། 1988ལོར་བསྐྱར་འཛུགས་བྱས་ཏེ་སྤྱི་ལོ2014ལོར་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་བསྡུས་པ་ཡིན། དེ་ནི2011ལོའི་ཟླ9བར་བརྗེ་འདེམས་བྱས་ཤིང་རིམ་པ12ལས་གྲུབ་པ་ཡིན།  དེ་དག་ནི་ཀྲུང་གུང་གི་རིམ་པ།  གུང་གཞོན་བུད་མེད་ཀྱི་རིམ་པ། སྤྱི་དབང་མ་ཡིན་པའི་དཔལ་འབྱོར་གྱི་རིམ་པ། སློབ་གསོའི་རིམ་པ། དཔལ་འབྱོར་གྱི་རིམ་པ། འཕྲོད་བསྟེན་གྱི་རིམ་པ། ཆོས་ལུགས་ཀྱི་རིམ་པ། ཁེ་ལས་ཀྱི་རིམ་པ། མི་རིགས་ཀྱི་རིམ་པ། ཚན་རྩལ་གྱི་རིམ་པ། དམངས་གཙོའི་ཏང་ཤོག་གི་རིམ་པ། ཕྱུགས་ལས་ཀྱི་རིམ་པ་བཅས་གྲུབ་པ་ཡིན་ལ། མིག་སྔར་ཐེམ་ཆེན་རྫོང་གི་སྲིད་གྲོས་ལ་ལས་བྱེད་མི་སྣ14དང་། དེའི་ནང་རྫོང་རིམ་པའི་མགོ་ཁྲིད4དང་། ཁོ་རིམ་པའི་ལས་བྱེད་པ1དང་། ཀྲུའུ་རིན་གཞོན་པའི་མི་སྣ4། ལས་བརྩོན་མི་སྣ1དང་། སྤྱི་ཕན་རང་བཞིན་གྱི་ལས་རྐང་འཛིན་མཁན4དང་། གཡར་སྤྱོད་མི་སྣ2བཅས་ཀྱིས་གྲུབ་ཡོད།

2014ལོའི་སྔོན་ལ་རྒྱུན་ལས་ཨུ་ཡོན9དང་ཨུ་ཡོན47ཡོད་ལ། (ཀྲུང་གུང་མཚོ་ནུབ་ཁུལ་ཨུའི་གཞུང་ལས་ཁང་གིས་བསྒྲུབས་པའི་སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཞི་བའི་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞིའི་ཡི་གེ )ནང་དོན་ལྟར་ན། དོ་མཉམ་གྱིས་རྫོང(གྲོང་ཁྱེར)གྱི་རིམ་པ་གཉིས་པའི་དམངས་ཆེན་དང་སྲིད་གྲོས་ཨུ་ཡོན་པའི་མིང་ཐོའི་གྲོས་གཞི་ལྟར། རྒྱུན་ལས་ཨུ་ཡོན8དང་། ཨུ་ཡོན33གསར་དུ་བསྣན་ཡོད་ལ། མིག་སྔར་སྐབས་བཅུ་པའི་ཐེམ་ཆེན་རྫོང་གི་སྲིད་གྲོས་རྒྱུན་ལས་ཨུ་ཡོན17ཡོད་ལ། ཨུ་ཡོན80ཡོད།  དེ་དག་ཚན་ཆུང་བཞིར་བགོས་ཏེ་མགོ་ཁྲིད་བཞིས་འགན་འཁུར་བཞིན་ཡོད་ལ། རྫོང་ཨུ་དཀྱིལ་སྙིང་དུ་བཟུང་ནས་རྫོང་མི་དམངས་སྲིད་གཞུང་གི་བྱ་བའི་གནད་ཆེ་ས་དང་དཔལ་འབྱོར་འཛུགས་བསྐྲུན་གྱི་དཀའ་གནད་གཙོ་བོར་བཟུང་ནས། མི་དམངས་མང་ཚོགས་ཀྱི་དོ་ཁུར་བྱེད་སའི་གླེང་ཕྱོགས་དང་། བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད།

ཐེམ་ཆེན་རྫོང་སྲིད་གྲོས་ཀྲུའུ་ཞི་ཥི་ཙི་པོ།

ཐེམ་ཆེན་རྫོང་སྲིད་གྲོས་ཀྲུའུ་ཞི་ཥི་ཙི་པོས་བཤད་རྒྱུར། ཐེམ་ཆེན་རྫོང་གི་ཐོག་མཐའ་བར་གསུམ་དུ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། གཏིང་ཟབ་སྒོས་བདེ་འཇགས་ཀྱི་ཐེམ་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་ཕྱོགས་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན།  རྨང་གཞིའི་རང་བཞིན་གྱི་བྱ་བར་བཟུང་ནས། ཐེམ་ཆེན་གྱི་དོན་དངོས་ལ་དམིགས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་དང་སྔོན་ཐོན་རྫོང་བརྩོན་ལེན་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་སྐྲུན་བྱེད་པར་འབད་བརྩོན་བྱས་ལ། ཧྥན་ཆའོ་ཉམས་མྱོང་དང་པད་མའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཁྱབ་གདལ་དུ་བཏང་བ་དང་། རྒྱུན་ལྡན་ཅན་གྱི་བདེ་འཇགས་སྒྲིག་གཞིའི་འཛུགས་སྐྲུན་དང་གློ་བུར་དུ་བྱུང་བའི་གནད་དོན་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དང་། འགལ་བ་དང་རྩོད་པ་སེལ་བའི་ནུས་པ་མཐོར་འདེགས། སྤྱི་ཚོགས་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས། གཞི་རིམ་ཕྱོགས་བསྡུས་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་གི་འགྱུར་བ་ལྔ་མངོན་འགྱུར་བྱས་ཏེ། ངེས་བ་དོན་གྱིས་བདེ་འཇགས་ཀྱིས་ཐེམ་ཆེན་འཛུགས་སྐྲུན་བྱེད་པའི་ཕན་འབྲས་ཇེ་མཐོར་སོང་ནས། སྤྱི་ཚོགས་ཀྱི་བདེ་འཇགས་དང་མཐུན་སྒྲིལ་ལ་ནུས་ཡོད་ཀྱིས་སྲུང་སྐྱོབ་ཐོབ་ཡོད་ཟེར།