ཝང་ལིས་མེན་གྱིས་ནན་ཁྲོན་བཟོ་ལས་ས་ཁུལ་དུ་རྟོག་ཞིབ་བྱས།
2019.11.06 ཁུངས། ཀློག་གྲངས། 7

ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་ཁྲིད་ནས་ནན་ཁྲོན་བཟོ་ལས་ས་ཁུལ་དུ་སོང་ནས་ཁེ་ལས་ཐོན་སྐྱེད་བདག་གཉེར་དང་རྣམ་གྲངས་འཛུགས་སྐྲུན་གྱི་ཐད་ནས་ཡུལ་དངོས་རྟོག་ཞིབ་བྱས།     ཧྲིན་ཡོན་འཕྲུལ་ཆས་ས་གདན་ཐོན་སྐྱེད་འཁོར་ཁང་དུ་ཝང་ལིས་མེན་གྱིས་འཕྲུལ་ཆས་ཀྱིས་ས་གདན་ཐོན་སྐྱེད་དང་ཚོང་རའི་བྲིན་ཚོང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁེ་ལས་ཀྱིས་གདེང་ཚོད་མཐོ་རུ་བཏེགས་ཏེ་ཁྲོམ་རའི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་གསར་གཏོད་ཀྱི་ཤུགས་ཚད་མཐོ་རུ་འགྲེང་བ། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། ལེགས་ཐོག་ལེགས་འཚོལ་གྱིས་ཐོན་རྗས་ཀྱི་རྒྱུ་སྤུས་མཐོར་འདེགས་གཏོང་བ། ནུས་ཁུངས་གསར་བའི་སྒུལ་ཤུགས་དང་གློག་གསོག་གློག་གཡིས་རྣམ་གྲངས་སོགས་ཐོན་སྐྱེད་འཁོར་རྒྱུགས་རྒྱུན་ལྡན་དང་ཐོན་སྐྱེད་བྲིན་ཚོང་གོ་རིམ་ཡོད་པ་མཐོང་དུས་ཝང་ལིས་མེན་གྱིས་ཁེ་ལས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་བའི་ཐོན་སྐྱེད་འཕེལ་རྒྱས་ལ་དམིགས་ནས་ཁྲོམ་རའི་དགོས་མཁོ་ཁྱབ་གདལ་ཇེ་དྲག་ཏུ་གཏོང་བ་དང་མཚོ་སྔོན་ཞིང་ཆེན་དག་གཙང་དཔེ་སྟོན་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།