ནུས་ཤུགས་ཡོད་ཚད་བཏོན་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས་འགན་ལེན་བྱེད།
2019.11.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་གྲོས་ཚོགས་བསྡུས་ཏེ།ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་སྔོག་འགོག་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་།ཉིས་སྟོང་བཅོ་བརྒྱད་ལོའི་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོག་འགོག་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ།གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོག་འགོག་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས།གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཡོན་ལིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན།མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་བྱ་བའི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ་དང་།ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་སྲུང་།གཏན་འཇགས་སྲུང་སྐྱོབ་ཀྱི་ལས་འགན་དཀའ་ཁག་གང་མང་ལ་འཕྲད་ཡོད།རྫོང་ཁག་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ།གྲོང་ཁྱེར་ཏང་ཨུ།གྲོང་ཁྱེར་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱས་ཏེ།མགོ་ཁྲིད་ལ་ཤུགས་སྣོན་དང་།འོས་འགན་དངོས་འབེབས།གནད་ཁེལ་འབུར་ཐོན།སྟོབས་ཤུགས་གཅིག་བསྡུས་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དང་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་དགོས།མདུན་དུ་ལྷག་པའི་གནས་བབ་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས་ཏེ།བསམ་བློའི་སྟེང་དོགས་ཟོན་མཐོར་འདེགས་དང་བྱེད་ཐབས་སྟེང་ནུས་ཤུགས་གལ་ཆེན་ཐོན་དགོས་པ་མ་ཟད།བྱ་བའི་སྟེང་དངོས་འབེབས་དམ་འཛིན་བྱས་ནས་ནུས་ཤུགས་ཡོད་དགུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།

ཚོགས་འདུ་ལས་ད་དུང་།རྫོང་ཁག་སོ་སོ་དང་།ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་མཛུབ་སྟོན་པུའུ་ཡི་ཁོངས་གཏོགས་ལས་ཁུངས་ཀྱིས་རྩ་འཛུགས་མགོ་ཁྲིད་སྔར་ལས་ཤུགས་དྲག་ཏུ་བཏང་སྟེ།འོས་འགན་ལག་བསྟར་དང་ཐག་གཅོད་ནུས་པ་མཐོར་འདེགས།མེ་ཁུངས་དོ་དམ་ཚོད་འཛིན་དང་ཉེན་ཟོན་ལྟ་ཞིབ་ཤུགས་དྲག་ཏུ་གཏོང་བ་དང་།མྱུར་བསྟུན་སྔོན་ཇུས་ལེགས་བཅོས་བྱེད་པ་དང་།མེ་འགོག་འདུ་ཤེས་མཐོར་འདེགས་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་དགོས་པའི་བླང་བྱ་བཏོན།

ཚོགས་ཐོག་ཏུ།ཡོན་ལིན་དང་རྫོང་ཁག་སོ་སོའི་མི་དམངས་སྲིད་གཞུང་གིས་དམིགས་ཚད་འགན་འཁྲིའི་ཡི་གེའི་སྟེང་མིང་རྟགས་བཀོད།