མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེ་སློབ་གྲྭའི་ན་གཞོན་སློབ་གསོ་ལྟེ་གནས་ང་དགུ་འཛུགས་སྐྲུན་བྱས།
2019.11.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 80

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སློབ་གསོ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི2019ལོའི་ཞིང་སྡེ་སློབ་གྲྭའི་ན་གཞོན་སློབ་གསོ་ལྟེ་གནས་ཀྱི་ལས་གཞི་གསོ་སྦྱོང་ཡུལ་དངོས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེ་སློབ་གྲྭའི་ན་གཞོན་སློབ་གསོ་ལྟེ་གནས་ང་དགུ་འཛུགས་སྐྲུན་བྱས། ཚོགས་ཐོག་ནས་ད་དུང2016ལོ་ནས2019ལོའི་ཞིང་སྡེ་སློབ་གྲྭའི་ན་གཞོན་སློབ་གསོ་ལྟེ་གནས་འཛུགས་སྐྲུན་བྱ་བའི་ཕུལ་བྱུང་སྡེ་ཁག་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། ཞིང་སྡེ་སློབ་གྲྭའི་ན་གཞོན་སློབ་གསོ་ལྟེ་གནས་ཀྱི་སློབ་མ་སྐོར་ཞིག་གིས་འཇོན་ནུས་ངོམས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་སྡེ་སློབ་གྲྭའི་ན་གཞོན་སློབ་གསོ་ལྟེ་གནས་ལས་གཞི་འཛུགས་སྐྲུན་བྱས་པའི་ཚུན་དུ། ཞིང་སྡེ་སློབ་གྲྭའི་ན་གཞོན་སློབ་གསོ་ལྟེ་གནས་འཛུགས་སྐྲུན་དེ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་བརྟན་བརླིང་ངང་སྤེལ་བ་དང་། གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་སོང་ལ། འཛུགས་སྐྲུན་ཚད་གཞི་དང་སྤུས་ཚད་ཀྱང་རྒྱུན་མ་ཆད་ཇེ་མཐོར་སོང་། ཞིང་སྡེའི་སློབ་གྲྭའི་ན་གཞོན་སློབ་གསོ་ལྟེ་གནས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཁ་ཕྱོགས་ནས་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་བ་དང་། བྱིས་པ་ཚོའི་དགའ་ཕྱོགས་སྐྱེད་སྲིང་བྱས་པ་དང་། མིག་རྒྱ་ཆེར་སྐྱེད་པ་དང་བྱིས་པ་ཚོའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་བའི་ཐད་སྟེགས་བུ་གལ་ཆེན་འདོན་སྤེལ་བྱས།