2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲིའི་བྱ་འགུལ་བདེ་བླག་ངང་ཡོངས་སུ་མཇུག་སྒྲིལ།
2019.11.11 ཁུངས། ཀློག་གྲངས། 233

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

༼གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།༽ མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཚོགས། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལྟེ་གནས་ཀྱིས་འགན་སྒྲུབ་གནང་ཞིང་། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་སྨྱན་བྱད་ལས་ཁུངས13དང་ཁྱོན་བསྡོམས་གསར་འགོད་པ20༼ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།༽ཞེས་པའི2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲིའི་བྱ་འགུལ་ཟླ11པའི་ཚེས1ཉིན་བདེ་བླག་ངང་ཡོངས་སུ་མཇུག་སྒྲིལ།

ད་ཐེངས་ཀྱི་བཅར་འདྲི་བྱེད་སྒོ་ནི་ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་།“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི”བྱེད་ཐབས་གལ་ཆེན་ཞིག་རེད། ཐེངས་འདིའི་བཅར་འདྲི་བྱེད་པའི་བྱེད་སྒོར་གཤམ་གྱི་བཀྲག་མདངས་འཚེར་ས་ཆེན་པོ་གསུམ་ཡོད་སྟེ།

གཅིག་ནི་རིམ་པ་ཁག་གི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། གྲོས་གཞི་འགན་འཁུར་བའི་ལས་ཁུངས་ཀྱིས་ཐེངས་འདིའི་བཅར་འདྲི་བྱ་འགུལ་སྒྲིག་འཛུགས་ཞིབ་ཚགས་སྒོས་བསྒྲུབ་པ་དང་མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས། མཚོ་ནུབ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་། ཀྲུའུ་ཞི་ཀླུ་ཁོ་རྒྱལ་སོགས་འགོ་ཁྲིད་བློ་མཐུན་གྱིས་ཇུས་གཞི་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། མཚོ་ནུབ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེ་ཧའེ་ལན་གྱིས་བཅར་འདྲི་བྱེད་པའི་བྱེད་སྒོར་ཞུགས་པར་མ་ཟད། གསུང་བཤད་གནང་། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། མང་ཨེ་གྲོང་ཁྱེར། བུའུ་ལན་རྫོང་། ཐེམ་ཆེན་རྫོང་། ཚྭ་འདམ་ཆེ་བ་བཅས་ཀྱིས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ས་གནས་སོ་སོའི་བཅར་འདྲིའི་མཛད་སྒོར་ཞུགས་པ་མ་ཟད་བཅར་འདྲི་དང་ལེན་བྱས་པ་རེད།

མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་ཟླ་བ་གཉིས་ལྷག་ཙམ་རིང་ཞིབ་མོའི་བློ་ཡིས་གྲ་སྒྲིག་བྱས་པ་བརྒྱུད། ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཀྲིན་ལེན་གྱིས་ཐེངསའདིའི་བཅར་འདྲི་ཚོགས་པའི་ཚོགས་གཙོའི་འགན་བཞེས་ཤིང་། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལྟེ་གནས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དོན་གྲུབ་ཚེ་རིང་གིས་ཚོགས་གཙོ་གཞོན་པའི་འགན་བཞེས་པ། ཁུལ་སྲིད་གྲོས་རིག་གནས་ལོ་རྒྱུས་གཞུང་ལས་ཁང་གི་ཀྲུའུ་རིན་དབྱང་ཀྲུང་ཝུའུ་ཡིས་འགོ་འཛིན་གཞོན་པའི་འགན་བཞེས་ནས་ཚོ་ཆུང་བཙུགས་པ་དང་། ཆེད་དོན་གྲོས་ཚོགས་ཐེངས་མང་འཚོགས་ཏེ། གསར་འགྱུར་བཅར་འདྲི་དང་། གསར་འགོད་པ། མཁོ་སྒྲུབ་བཅས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིངས།

གཉིས་ནི་“བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་”ཟབ་སྤེལ་དང་དོན་འཁྱོལ་ལག་བསྟར་བྱེད་པར་སྨྱན་བྱད་ལས་ཁུངས13བྱ་འགུལ་ཁྲོད་ཞུགས་ནས། རླུང་འཕྲིན་དང་བརྙན་འཕྲིན་བཅས་ལས་ད་དུང་དྲ་ལམ་དང་སྐད་འཕྲིན་སོགས་ཀྱི་སྨྱན་སྦྱོར་སྣ་མང་ཞུགས་ཏེ། ཕྱོགས་ཡོངས་ནས་ཁྱོན་ཡོངས་ལ་མཚོ་ནུབ་སྲིད་གྲོས་ཀྱི་ལས་དོན་ཐད་དྲིལ་བསྒྲགས་ལེགས་པོ་བྱས།

གསར་འགོད་པ་རྣམས་གཞི་རིམ་དུ་བསྐྱོད་དེ་ས་གནས་ཁག་གི་སྲིད་གྲོས་ལས་ཁུངས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་ཤེས་རྟོགས། འཐབ་ས་དང་པོའི་གསར་འགྱུར་གྱི་ཁུངས་སྣེ་སྔོག་འདོན། མཐོང་ཐོས་མྱོང་གསུམ་བརྙན་མིག་ལ་དྲངས་ཤིང་ཤོག་ངོས་སུ་ཕབ་ནས། དུས་རབས་གསར་པར་རྒྱང་སྐྱོད་གསར་པ་བ་དང་ལས་འགན་གསར་པ་སྒྲུབ་པའི་བསམ་པའི་སྒུལ་ཤུགས་སྐུལ་སློང་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་ཐུབ་པ་དང་། མཚོ་ནུབ་ཁུལ་གྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་རྒྱ་སྐྱེད་བཏང་ནས། ༼ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས༽ཞེས་པའི་བརྗོད་བྱ་གཙོ་བོ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་གྲོས་ཨུ་ཡོན་གྱིས་མཚོ་ནུབ་ཁུལ་གྱི་ལས་གནས་སོ་སོའི་སྟེང་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་པའང་གསལ་བོ་མཐོང་།

གསུམ་ནི་སྐད་རིགས་སྣ་མང་སྒོས་གནས་ཚུལ་སྤེལ་བ་དང་།དྲིལ་བསྒྲགས་ནུས་པ་མཐོརའདེགས་སུ་གཏོང་ཆེད་ཀྲུང་གོའི་བོད་ལྗོངས་དྲ་བ་དང་། ཞིང་ཆེན། ཁུལ་བཅས་ཀྱི་སྨྱན་སྦྱོར་ལས་ཁུངས13གྱི་གསར་འགོད་པ20བཅར་འདྲི་བྱེད་པར་གདན་འདྲེན་ཞུས་ཤིང་། ༼ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས༽ཀྱི་བརྗོད་བྱ་གཙོ་བོར་དམིགས་ཏེ། མཚོ་ནུབ་རིམ་པ་ཁག་གི་སྲིད་གྲོས་ཀྱིས་ཀྲུང་གོ་གསར་པ་འཚར་ལོངས་ཡོང་བའི་འབད་འཐབ་ཀྱི་བརྒྱུད་རིམ་དང་བསྟུན་ཡོད་པར། གསར་འགོད་པས་བཅར་འདྲི་ཚོགས་པ་ཡོངས་ནས་མཚོ་ནུབ་ཁུལ་གྱི་གྲོང་ཁྱེར་གསུམ་དང་། རྫོང་གསུམ། རྩ་འཛུགས་གསུམ་བཅས་སུ་ཟབ་ཞུགས་བྱས་ཏེ་སྲིད་གྲོས་ལས་ཁུངས་འཛུགས་སྐྲུན་དང་༼ཡན་ལག་གཉིས༽ཀྱི་དཔུང་ཁག་འཛུགས་སྐྱོང་། སྲིད་གྲོས་ཀྱི་འགན་ནུས་འདོན་སྤེལ་བཅས་བྱེད་པར་བརྟེན། “དཔལ་འབྱོར་འཕེལ་རྒྱས”ལ་སྐུལ་འདེད་བཏང་ནས“དམངས་འཚོ་ལེགས་བཅོས”དང་“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་”གི་“གསར་བརྗེའི་སློབ་གསོ་”དང་དེ་བཞིན་ས་ཁུལ་དེ་གར་དོན་དངོས་སུ་སྤེལ་བའི་ཁྱད་ཆོས་ལྡན་པའི་ལས་ཀ་གཞན་དག་གི་རྒྱུ་ཆ་འཚོལ་བསྡུ་དང་དྲིལ་བསྒྲགས་ཀྱི་རིན་ཐང་སྔོག་འདོན་དང་། མཚོ་ནུབ་རིམ་པ་ཁག་གི་སྲིད་གྲོས་ཀྱི་ལོ་ངོ70རིང་གི་འབད་བརྩོན་བརྒྱུད་རིམ་དང་ལོ་རྒྱུས་བརྒྱུད་རིམ་ནང་སྲིད་གྲོས་ཨུ་ཡོན་གྱིས་རྒྱུན་མཐུད་འབད་བརྩོན་བྱས་པའི་གཏམ་རྒྱུད་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་ཐོག་མའི་བསམ་འདུན་མི་བརྗེད་པར། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པའི་སྙིང་སྟོབས་དྲིལ་བསྒྲགས་བྱས་ཡོད།

དེ་དང་ལྷན་དུ། བཅར་འདྲི་བྱ་འགུལ་གྱིས་སྐད་རིགས་མི་འདྲ་བའི་གསར་འགོད་པ་རྣམས་ཀྱིས་བོད་སྐད། རྒྱ་སྐད། སོག་པོའི་སྐད་སོགས་སྣ་མང་སྒོས་ཕྱི་ལ་དྲིལ་བསྒྲགས་བྱས།  ད་སྔ་བསྡོམས་པས་གསར་འགྱུར་སྤེལ་ཐེངས200ལྷག་ཙམ་ཟིན་ཡོད། གཞན་ཡང་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལམ་ནས་ཟླ11པའི་ཚེས8ཉིན་ནས་བཟུང་གཙོ་གནད་གསར་འགྱུར་མཉམ་བསྒྲགས་ཁྲོད་དུ༼ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས༽ཞེས་པའི་ཆེད་སྒྲིག་ལེ་ཚན་གཅིག་བསྡུས་ཀྱིས་སྟོན་བཞིན་ཡོད།

ཟླ་ཕྱེད་ཙམ་གྱི་བཅར་འདྲི་བྱས་པ་བརྒྱུད། བཅར་འདྲི་ཚོགས་པའི་ཁོངས་མིས་འཕེལ་རྒྱས་དང་འགྱུར་ལྡོག་ཁྲོད་ཀྱི་མཚོ་ནུབ་གསར་པ་དངོས་སུ་མཐོང་བ་དང་། མི་རིགས་ཁག་འཆམ་མཐུན་མཉམ་གནས་ཀྱི་འཚོ་བ་དངོས་སུ་མྱོང་ཞིང་། མཛེས་སྡུག་ལྡན་པའི་མཚོ་ནུབ་ཀྱི་ཡུལ་ལྗོངས་ལ་རོལ་མྱོང་ཐེངས་གཅིག་བྱས།