མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་ཡུལ་སྟོང་བཞི་དང་བཅོ་ལྔ་ལ་སླེབས་པ།
2019.11.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 90

མཚོ་སྔོན་ཞིང་ཆེན་གྱིས“བྱ་དགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི”སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། རོང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་བཅོས་སྐྱོང་བྱ་བ་དེ་2008ལོའི་སྡེ་བར་ཚོད་ལྟ་བྱེད་འགོ་ཚུགས་པ་ནས་2011ལོར་རྒྱལ་ཡོངས་ཀྱི་ཡུག་འབྲེལ་བཅོས་སྐྱོང་དཔེ་སྟོན་ནང་ཚུད་པ། 2014ལོར་སླར་ཡང་དྲ་འབྲེལ་རྣམ་པའི་ཁྱོན་ཡོངས་ལ་ཁྱབ་པའི་བཅོས་སྐྱོང་ཚོད་ལྟའི་ནང་ཚུད་པ། ལག་བསྟར་བྱེད་སྟངས་ཐད་ནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ནས་ཁྱིམ་གཞིས་མཛེས་སྒྱུར་གཅིག་གྱུར་འཆར་འགོད་འགུལ་སྐྱོད་སྤེལ་བ། བཅོས་སྐྱོང་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་པ། རིམ་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་བས་རོང་འབྲོག་ཁུལ་གྱི་ཁོར་ཡུག་རྣམ་པ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད།

མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་རྫོང་ཞེ་ལྔ་དང་ཞང་གྲོང་སུམ་བརྒྱ་རེ་དྲུག  སྡེ་བ་དང་འབྲོག་དམངས་གཏན་སྡོད་གནས་སྟོང་བཞི་དང་ལྔ་བརྒྱ་བཅུ་དགུ ཞིང་སྡེའི་མི་གྲངས་ས་ཡ་གསུམ་དང་འབུམ་གཉིས་ཁྲི་བརྒྱད་ཡོད།  2014ལོར་རྒྱལ་ཡོངས་ཀྱི་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དེ་དྲ་འཇུག་རྣམ་པའི་ཁྱོན་ཡོངས་ལ་ཁྱབ་པའི་ཚོད་ལྟའི་ཞིང་ཆེན་དུ་བཅུག་པའི་ཚུན་དུ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་ལྔ་འབུམ་ལྔ་བཏང་ནས་སྡེ་བ་དང་འབྲོག་དམངས་གཏན་སྡོད་གནས་སྟོང་གཅིག་དང་དགུ་བརྒྱ་ཞེ་ལྔ་ཡི་བཅོས་སྐྱོང་ལས་གཞི་ཡོངས་གྲུབ་བྱས་པ་རེད།  2018ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱིས་མ་དངུལ་སྒོར་ཐེར་འབུམ་གཉིས་བཏང་ནས་སྡེ་བ་དང་འབྲོག་དམངས་གཏན་སྡོད་གནས་སྟོང་གསུམ་དང་ལྔ་བརྒྱ་བཅོ་ལྔ་ཡི་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཤིང་།  ཁེབས་ཚད་78%ལ་སླེབས་པ་དང་། རྫོང39ལ་ཕལ་ཆེར་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པས། ཞིང་སྡེའི་མི་ས་ཡ་གཉིས་དང་འབུམ་གསུམ་ལ་ཕན་ཁེ་བསྐྲུན་ཡོད།

2019ལོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས500བཀོད་སྒྲིག་བྱས་ནས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་ལྔ་བཏང་ཡོད། མིག་སྔར། མ་དངུལ་གྲོང་ཁྱེར་དང་ཁུལ།  རྫོང་སོ་སོར་གཤམ་སྤྲོད་བྱས་པ་དང་ས་གནས་ཁག་གིས་རྣམ་གྲངས་ལག་བསྟར་ཇུས་གཞི་སོགས་གྲ་སྒྲིག་བྱ་བ་སྤེལ་བཞིན་ཡོད། ད་ལོའི་རྣམ་གྲངས་ལེགས་གྲུབ་བྱུང་རྗེས་ཞིང་ཆེན་ཡོངས་སུ་སྡེ་བ་དང་འབྲོག་དམངས་གཏན་སྡོད་གནས་སྟོང་བཞི་དང་བཅོ་ལྔ་ལ་བཅོས་སྐྱོང་བྱས་པ་རེད།