མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་དྲུག་གིས་སྒྲིག་བཟོའི་སྡེ་བར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་པའི་འོས་འགན་སྔ་མོ་ནས་ཡོངས་འགྲུབ་བྱས།
2019.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན།  ཟླ་བཅུ་བའི་ཟླ་མཇུག་བར་ཞིང་ཆེན་ཡོངས་སུ་སྒྲིག་ཚུད་འགྲུལ་སྐྱེལ་རླངས་འཁོར་སྟོང་བཞི་ཡོད་པ་དང་། སྒྲིག་བཟོའི་སྡེ་བའི་ནང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་ལྔ་ལ་སླེབས། དེའི་ཁྲོད་དུ་ཟི་ལིང་གྲོང་ཁྱེར་དང་མཚོ་ནུད་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་གྲོང་ཁྱེར་དང་ཁུལ་དྲུག་གི་ཆ་རྐྱེན་ལོངས་པའི་སྒྲིག་ཚུད་སྡེ་བ་ཡོངས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ བྱས་ནས་ལོ་ཧྲིལ་བོའི་དམངས་འབེན་འཆར་གཞིའི་སྔུན་ལ་ཡོངས་འགྲུབ་བྱས། ད་དུང་ཆ་རྐྱེན་འདང་ངེས་མིན་པའི་སྒྲིག་ཚུད་སྡེ་བ་ཉེར་ལྔ་ལའང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་གི་དམིགས་ཚད་མངོན་འགྱུར་བྱས།