དམངས་གཉེར་ཁེ་ལས་སྟོབས་ཅན་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་སྟེང་དུ་མཚོ་སྔོན་གྱིས་ལས་གཞི་ཉིས་བརྒྱ་དང་གཉིས་དངོས་འབེབས་བྱས།
2019.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ད་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ནས་ཉེར་བཞི་ཉིན་བར་དུ། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དམངས་གཉེར་ཁེ་ལས་སྟོབས་ཅན་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་ཟི་ལིང་ནས་བསྡུས་ཤིང་། མཐོ་རིམ་གླེང་སྟེགས་བསྡུས་པའི་རིང་ལ། མཚོ་སྔོན་གྱིས་ཁྱོན་བསྡོམས་ཚོང་འགུགས་དངུལ་འདྲེན་ལས་གཞི་ཉིས་བརྒྱ་ཉེར་དྲུག་གི་སྟེང་མིང་རྟགས་བཀོད་ཅིང་། སྤྱིའི་རིན་འབབ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་དུང་ཕྱུར་གཅིག་ལ་སླེབས། ད་ལོའི་ཟླ་བཅུ་བའི་ཟླ་མཇུག་ཚུན་ལ། མཚོ་སྔོན་གྱིས་ཁྱོན་བསྡོམས་མཆན་བཀོད་ལས་གཞི་ཉིས་བརྒྱ་ཉེར་གཉིས་དངོས་འབེབས་བྱས་པ་དང་། དེའི་ཁྲོད་དུ་སྔོན་འགྲོའི་དུས་གྱི་ལས་གཞི་བརྒྱ་དང་བདུན་དང་ལས་འགོ་བརྩམས་པའི་ལས་གཞི་གོ་ལྔ། ཡོངས་འགྲུབ་བྱས་ཟིན་པའི་ལས་གཞི་དགུ་བཅས་ཡོད་ལ། མ་དངུལ་དངོས་སུ་ཐོན་ཚད་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་ལྔ་ལྷག་ལ་སླེབས། ལས་གཞི་ལག་བསྟར་བྱས་ཚད་དང་ལས་འགོ་འཛུགས་ཚད། མ་དངུལ་དམིགས་སར་འབྱོར་ཚད་བཅས་སོ་སོར་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་བཞི་དང་བརྒྱ་ཆའི་ཞེ་གཉིས། བརྒྱ་ཆའི་དགུ་དང་གྲངས་ཆུང་དྲུག་གཉིས་ལ་སླེབས་ཡོད།