ལོ་ལྔའི་འཆར་གཞི་བཅུ་གསུམ་ལག་བསྟར་བྱས་པའི་རིང་ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བཅོས་སྐྱོང་བྱ་བས་ལྗང་འགྱུར་བྱེ་འདུལ་སྤྱི་ཁོག་མངོན་འགྱུར་བྱུང་།
2019.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ལོ་ལྔའི་འཆར་གཞི་བཅུ་གསུམ་ལག་བསྟར་བྱས་པའི་རིང་དུ།མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་བྱང་གསུམ་ནགས་ཁུལ་འགོག་སྲུང་བྱ་བ་དང་།རང་བྱུང་ནགས་ཚལ་སྲུང་སྐྱོབ།བྱེ་འགྱུར་ས་གཞིའི་བཀག་སྡོམ་སྲུང་སྐྱོབ།གཙང་གསུམ་མགོ་ཁུངས་དང་མདོ་ལ་རི་བོ་སོགས་སྐྱེ་ཁམས་ལས་གཞི་གལ་ཆེན་ནན་ཏན་སྐུལ་འདེད་བཏང་སྟེ།བྱེ་འགོག་བཅོས་སྐྱོང་བྱ་བར་གྲུབ་འབྲས་མངོན་གསལ་བླངས་པས།བྱེ་མའི་བཀང་བ་ནས་ལྗང་མདོག་ཅན་དུ་འགྱུར་བ་སྤྱི་ཁོག་ནས་མངོན་འགྱུར་བྱུང་བ་དང་།ཁྱབ་ཆེ་ནས་ཁྱབ་ཆུང་དུ་གྱུར་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་།

ལོ་ལྔའི་འཆར་གཞི་བཅུ་གསུམ་ལག་བསྟར་བྱས་པ་ནས་བཟུང་།ཞིང་ཆེན་ཡོངས་ནས་བཅོས་སྐྱོང་ལས་འགན་སྤྱི་ཆིང་འབུམ་གསུམ་ལྷག་ལེགས་འགྲུབ་བྱས་པ་དང་།སྤྱིའི་ལས་འགན་གྱི་བརྒྱ་ཆའི་དོན་ལྔ་དང་གྲངས་ཆུང་གཉིས་ཟིན་ཡོད།མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་བཞི་ལྷག་བཏང་།འགོག་བཅོས་ནུས་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་བ་དང་།བྱེ་ཁུལ་གྱི་ཆུའི་ཐོན་ཁུངས་ནན་ཏན་སྒོས་དོ་དམ་བྱེད་པ།བྱེ་ཁུལ་གསར་འབྱེད་འཛུགས་བསྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གྱི་དཔྱད་འཇོག་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས།རྒྱལ་ཁབ་ལྗང་འགྱུར་ལས་གཞིའི་རྣམ་གྲངས་གལ་ཆེན་ནན་ཏན་སྐུལ་འདེད་བཏང་བ་དང་།རྒྱུན་ཆད་མེད་པར་བྱེ་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་།སྐྱེ་དངོས་རིགས་སྲུང་སྐྱོབ་ལ་ཤུགས་སྣོན་བྱས། དེ་ལས་གཞན།ནགས་ལས་ཁྲིམས་འཛིན་ཇེ་དམ་དུ་བཏང་ནས།ལོ་ལྔའི་ནང་དུ་ནགས་འདུས་གྱོད་དོན་རིགས་ལྔ་སྟོང་ལྔ་བརྒྱ་གོ་བཞི་མཉམ་དུ་ཞིབ་བཤེར་ཐག་གཅོད་བྱས་ནས།ཁྲིམས་འགལ་མི་གྲངས་འབུམ་གཅིག་ཁྲི་ལྔར་རྡུང་རྡེག་ཐག་གཅོད་བྱས་པ་རེད།