ཞིང་ཆེན་ཡོངས་ཀྱི་གཞུང་ལམ་མ་ལག་གིས་ཚོགས་ཆེན་ཐེངས་བཞི་བའི་དགོངས་དོན་རྣམ་པ་མང་པོའི་སྒོ་ནས་སློབ་སྦྱོང་བྱས།
2019.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ཚོགས་རྗེས།མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུས་ཀྱིས་རྣམ་པ་མང་པོ་སྤྱད་ནས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་།གྲོས་ཚོགས་ཀྱི་དགོངས་དོན་གཞུང་ལམ་ཅུས་ཀྱི་རྒྱ་ཆེའི་ལས་བཟོ་བ་ཡོངས་ཀྱི་སེམས་གཏིང་དུ་འཛུལ་བར་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ཐད་གཏོགས་ལས་ཁུངས་སོ་སོས་ཐུན་མོང་སློབ་སྦྱོང་དང་མི་སྒེར་སློབ་སྦྱོང་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ།བརྙན་འཕྲིན་ལ་བལྟ་བ་དང་རྒྱང་སྒྲོག་ལ་ཉན་པ།སྐད་འཕྲིན་སྤྱི་སྟེགས་ལས་གྲོས་ཚོགས་ཀྱི་དགོངས་དོན་འགྲེམ་སྤེལ་བྱེད་པ་དང་།སྟོབས་ལྡན་རྒྱལ་ཁབ་སློབ་སྦྱོང་སྟེགས་བུ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐག་གཅོད་སློབ་སྦྱོང་ཁྲིད་སྟོན་དྲི་བ་བརྒྱ་ཞེས་པའི་དཔེ་དེབ་ལ་བརྟེན་ནས།གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་དང་བརྗོད་གཞི་སློབ་གསོའི་དག་ཐེར་དངོས་འབེབས་ཀྱི་ཕྱིར་མིག་བལྟ་བ་གཉིས་གཅིག་ཏུ་སྦྲེལ་བ་དང་།ལོ་མཇུག་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པ་དམ་དུ་སྦྲེལ་ནས།གཞུང་ལམ་ཞིག་གསོ་དང་དོ་དམ་ལས་དོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གཤིས་ཇེ་དྲག་ཏུ་གཏོང་།འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་ཤེས་བྱའི་འགྲན་སྡུར་བྱ་འགུལ་སྤེལ།དེ་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ཉམས་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས།འགྲན་སྡུར་གྱི་རྣམ་པས་སློབ་སྦྱོང་བྱེད་པར་སྐུལ་བ་དང་།སློབ་སྦྱོབ་བྱས་ནས་བཀོལ་སྤྱོད་བྱེད་པར་སྐུལ་བས། རང་རྟོགས་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས།འགྲན་སྡུར་བྱ་འགུལ་དེ་མ་ལག་ནང་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ཚོགས་ཆེན་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚད་འབྱེད་རྒྱུགས་གཞི་ཐེངས་ཤིག་ཏུ་བཞག་ནས།ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སྔར་ལས་ལྷག་པར་ཇི་མ་ཇི་བཞིན་གྱིས་གྲོས་ཚོགས་ཀྱི་ཡིག་ཆར་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས་པ་མ་ཟད།སྔར་ལས་ལྷག་པའི་སྒོ་ནས་ཤེས་བྱ་སྲ་བརྟན་དང་།གྲོས་ཚོགས་ཀྱི་དགོངས་དོན་ངོ་བོ་གཏིང་ཟབ་ཉམས་ལེན་དང་རྒྱུས་ལོན་ཡང་དག་བྱས།