ཚན་རྩལ་གསར་གཏོད་དེ་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དྲག་པོར་གྱུར།
2019.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས། གསར་གཏོད་འཕེལ་རྒྱས་འབུར་ཐོན་དུ་བྱས་ཏེ་མུ་མཐུད་དུ་ཚན་རྩལ་གསར་གཏོད་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་།

ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཀྱིས་འཕེལ་རྒྱས་གསར་བའི་བསམ་བློ་དངོས་འབེབས་མཐའ་འཁྱོལ་བྱས་ཏེ།ཚན་རྩལ་གསར་གཏོད་ནུས་ཤུགས་མཐོར་འདེགས་བཏང་ནས། ཚན་རྩལ་གསར་གཏོད་དེ་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དྲག་པོར་གྱུར།

ནུས་ཤུགས་ཡོད་ཚད་བཏོན་ནས་ཚན་རིག་ཞིབ་འཇག་ལས་ཁུངས་དང་ཚན་རྩལ་མི་སྣར་གསར་གཏོད་ཁོར་ཡུག་ལེགས་པོར་བསྐུན་ཏེ།མཚོ་ནུབ་ཚན་རྩལ་གསར་གཏོད་དངུལ་འཇོག་ཐེབས་རྩ་བཙུགས།  རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་ཚན་རྩལ་རྣམ་གྲངས་ལག་བསྟར་བྱས་ནས། སྲོལ་རྒྱུན་ཐོན་ལས་ཚད་མཐོ་ཅན་དང་སྤུས་ལེགས་ཅན། གསར་བ་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བཀོལ་སྤྱོད་དང་ཚྭ་འདམ་གཞོང་སའི་སྐྱེ་ཁམས་ཁོར་ཡུག་གི་རྒྱུན་མཐུད་འཕེལ་རྒྱས་ལ་ཚན་རིག་གིས་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས།

ཚད་མཐོའི་འཇོན་མིའི་དཔུང་སྡེ་ནང་འདྲེན་བྱེད་རྒྱུ་ལས་འགན་གལ་ཆེན་དུ་བརྩིས་ནས། འཇོན་མི་ནང་འདྲེན་སྲིད་ཇུས་བཀོལ་སྤྱོད་ལེགས་པོ་བྱས་ཏེ། ཁུལ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་ཆེའི་ཁྱབ་ཁོངས་དམིགས་སུ་བཟུང་ནས།ཁེ་ལས་ལ་ཚད་མཐོའི་སྣེ་ཁྲིད་འཇོན་མི་ནང་འདྲེན་བྱས།