མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཁུ་ནུའི་འཆད་སྟེགས་སྐབས་བཅུ་དྲུག་པ་བསྡུས།
2019.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ལས་བྱེད་པའི་དྲ་ཐོག་སློབ་གླིང་གཉིས་ཀྱིས་འགན་ཁུར་ནས་སྒྲུབ་པ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་རོགས་སྒྲུབ་བྱས་པའི་ཁུ་ནུའི་འཆད་སྟེགས་སྐབས་བཅུ་དྲུག་པ་དངོས་སུ་བསྡུ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་སྒོས་གསར་སྐྲུན་བྱས་པའི་མདེའུ་གཉིས་སྐར་གཅིག་སྙིང་སྟོབས་ཐད་ཀྱི་སློབ་ཆེན་སློབ་མའི་སྒྲོག་འགྲེལ་ཁོངས་མིས། སློབ་རའི་གཏམ་བརྗོད་ཟློས་གར་གྱི་རྣམ་པ་བརྒྱུད་དེ་མདེའུ་གཉིས་སྐར་གཅིག་ལས་དོན་རྒྱབ་ཕྱོགས་ཀྱི་དཀའ་སྡུག་གི་ལོ་རྒྱུས་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཡང་བསྐྱར་ཀུན་གྱིས་མིག་ལམ་དུ་བསྐྱལ་བ་དང་། གསར་བརྗེ་སྔོན་རབས་པ་དང་ཚན་རིག་པའི་མེས་རྒྱལ་ལ་དགའ་ཞེན་དང་སྒེར་མེད་བློས་གཏོང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བྱེད་པའི་མདེའུ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་བསྔགས་བརྗོད་བྱས།

འཆད་ཁྲིད་ལ་ཉན་མཁན་ཚོས། སྒྲོག་འགྲེལ་སློབ་གསོའི་སྙན་ཞུ་ནི་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་མཚོན་བྱེད་དང་། བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་ཇེ་དྲག་ཏུ་གཏོང་བའི་སློབ་གཞི། མི་ལ་སྐུལ་མ་ཐེབས་པར་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཁྲིད་ཞིག་ཡིན་པའི་ཚུལ་བསྟན། ཚང་མས་ལང་ལོང་གིས་བསྟན་དོན། ལོ་གཅིག་རིང་ལ། ཁུ་ནུའི་འཆད་སྟེགས་ཀྱི་རྣམ་པར་གསར་གཏོད་བྱས་པ་དང་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ལ། གསོ་སྦྱོང་གི་གྲུབ་འབྲས་སྔར་ལས་མངོན་གསལ་ཡིན་ལ། རྗེས་ཕྱོགས་མདེའུ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་གོ་དོན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། རང་རྟོགས་སྒོས་མདེའུ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་བྱེད་པ། མཚོ་སྔོན་གསར་བའི་སྙིང་སྟོབས་ཁྲོད་ཡིད་རྟོན་གྱི་སྟོབས་ཤུགས་དང་དྲང་བདེན་གྱི་སྟོབས་ཤུགས། མི་དམངས་བསམ་པའི་སྟོབས་ཤུགས། འཐབ་རྩོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཧུར་ཐག་གིས་རྗེས་སྙེག་མཆོང་བརྒལ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།