མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་གཞུང་ཞབས་པ་ཆེད་ལས་ཅན་དུ་བསྒྱུར་བའི་ནུས་པ་མཐོར་འདེགས་གཏོང་བའི་ཞིབ་སྡུར་འཛིན་གྲྭ་བསྡུས།
2019.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཀྲེ་ཅང་སློབ་ཆེན་ནས་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱི་གཞུང་ཞབས་པ་ཆེད་ལས་ཅན་དུ་བསྒྱུར་བའི་ནུས་པ་མཐོར་འདེགས་གཏོང་བའི་ཞིབ་སྡུར་འཛིན་གྲྭ་བསྡུས། གྲོང་ཁྱེར་དང་ཁུལ། རྫོང་། ཆུའུ། སྲིད་འཛིན་ཨུ་ཡོན་ལྷན་ཁང་སོ་སོའི་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཁྲུའུ་དང་གཞུང་སྒྲུབ་ཁང་། ཅུའུ་བཅས་ཀྱི་མི་བཞི་བཅུ་ལྷག་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་དེ་ནུས་པ་མཐོར་འདེགས་གཏོང་བ་དང་སྨན་བཅོས་འཕྲོད་བསྟེན་ལས་སྒོའི་ཤེས་བྱ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ། གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར། རིམ་བགར་བརྟག་བཅོས་ལམ་ལུགས། སྨན་བཅོས་ཆ་འཕྲིན་ཅན་གྱི་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་སྤེལ་བ་དང་། གསོ་སྦྱོང་ལ་ལ་ཞུགས་པའི་མི་སྣ་ཚོས་བྱ་བ་བཟང་བོ་སྤེལ་བའི་ཐད་དཔེ་ལྟ་དང་མཛུབ་སྟོན་གྱི་དོན་སྙིང་ལྡན།