གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་ཤར་གཏོང་མཛད་སྒོ་ཟི་ལིང་དུ་བསྡུས།
2019.12.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 151

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། གཡང་འབའ་འབའ་དྲ་ལམ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་དང་མཚོ་སྔོན་ན་རོ་རིག་གནས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ་བྱས་པའི་ཐུན་ཏེ་རྫོང་གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་ཤར་གཏོང་མཛད་སྒོ་ཟི་ལིང་གྲོང་ཁྱེར་སོ་ཧྥེ་ཐི་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་མོ་བསྡུས་ཤིང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་དང་བློ་བཟང་ཚན་རྩལ་གྱི་སྤྱིའི་ལས་འཛིན་པ་བློ་བཟང་། ན་གཞོན་ཁེ་ལས་གསར་གཏོད་པ་གངས་ཞུན་སོགས་ཀྱིས་ཤར་གཏོང་ཡུལ་དངོས་སུ་རྟེན་འབྲེལ་ཤིས་ཚིག་དང་མ་ལག་གི་གལ་ཆེན་རང་བཞིན་སོགས་ཐད་ནས་གཏམ་བཤད་གནང་།

ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་གྱིས་མ་ལག་དངོས་སུ་ཤར་གཏོང་བྱས་པ།

ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

བློ་བཟང་ཚན་རྩལ་གྱི་སྤྱིའི་ལས་འཛིན་པ་བློ་བཟང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

ན་གཞོན་ཁེ་ལས་གསར་གཏོད་པ་གངས་ཞུན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།


གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་ནི། སྤྱི་གཉེར་ཁང་གིས་གསར་དུ་བཏོན་པའི་ལྗོངས་ཞིང་ལྔའི་སློབ་ཆུང་བསླབ་གཞིའི་སྒྲ་ལྡན་བརྙན་རིས་སློབ་གསོའི་སྟེགས་བུ་ཞིག་ཡིན་ལ། རྩིས་འཁོར་ལག་རྩལ་དང་དྲ་རྒྱའི་འཕྲིན་སྐྱེལ་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས། སྲོལ་རྒྱུན་གྱི་སློབ་ཁྲིད་རྣམ་པས་སློབ་མའི་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་སློབ་སྦྱོང་གི་འདུན་པ་ཚིམ་མི་ཐུབ་ཅིང་།སློབ་མས་རྒྱུན་ལྡན་སློབ་སྦྱོང་བྱེད་སྟངས་ལས་གཞན།དྲ་ལམ་བརྒྱུད་ནས་རང་ཉིད་ཀྱི་ཤེས་རྒྱ་ཇེ་ཆེར་གཏོང་བ་དང་ཤེས་བྱའི་གཏིང་ཇེ་ཟབ་གཏོང་བར་ལྷག་ཏུ་མོས་པས།དྲ་ཐོག་སློབ་ཁྲིད་བརྙན་ལམ་སློབ་གསོའི་སྟེགས་བུ་ནི་དྲ་ཐོག་སློབ་གསོའི་རྒྱུགས་ཆེ་བའི་མིང་བརྡ་ཞིག་ཡིན་ལ། ལྷག་པར་དུ་བོད་ཁུལ་སློབ་མ་དང་སློབ་གྲྭའི་སློབ་གསོ་མ་ཐེབས་པའི་བོད་རིགས་རྣམས་ལ་མཚོན་ན།དྲ་ལམ་མིན་པའི་སློབ་སྦྱོང་གི་ཐོན་ཁུངས་ལྟོས་བཅས་ཀྱིས་ཅུང་དཀོན་པར་མ་ཟད།སློབ་གྲྭའི་སློབ་སྦྱོང་གི་རྒྱུ་ཆས་ཀྱང་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་རེ་འདུན་ཚིམ་ཐུབ་ཀྱིན་མེད་པར་དམིགས་ནས།གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་སྟེགས་བུས་ཆེད་དུ་བོད་ཁུལ་སློབ་མ་དང་།སློབ་གྲྭ་འགྲིམས་མ་མྱོང་བའི་བོད་རིགས་སྤུ་ཟླ་རྣམས་དང་།དེ་མིན་བོད་སྐད་ཡིག་སློབ་འདོད་ཡོད་པའི་མི་རིགས་གཞན་རྣམས་ལ་བརྙན་ལམ་སློབ་ཁྲིད་མ་ལག་ཅིག་གསར་སྐྲུན་བྱས་ཡོད།

གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་ཤར་གཏོང་གི་ཡུལ་དངོས་ཚོགས་ར།