གཅན་ཚ་རྫོང་གིས་ཞིང་ལས་མ་དངུལ་མཉམ་བསྲེས་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་།
2019.12.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

2019ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་ལོ་འགོར་རིགས་མི་འདྲ་བའི་ཞིང་ལས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་དྲུག་འབུམ་གཅིག་ཁྲི་ལྔ་དང་སྟོང་གཅིག་དྲུག་བརྒྱ་མཉམ་བསྲེས་བྱེད་རྒྱུའི་འཆར་གཞི་བཟོས་པ་དང་། དེའི་ཁྲོད་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བཞི་འབུམ་བཞི་ཁྲི་གསུམ་དང་སྟོང་གསུམ་དྲུག་བརྒྱ་འདུ་བ་དང་། རྫོང་རིམ་པའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གཅིག་དང་སྟོང་བརྒྱད་འདུ་ལ། ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་བར། རྫོང་ཡོངས་སུ2019ལོའི་རིགས་མི་འདྲ་བའི་ཞིང་ལས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་གཉིས་འབུམ་དྲུག་ཁྲི་གསུམ་དང་སྟོང་གཅིག་བདུན་བརྒྱ་མཉམ་བསྲེས་ལེགས་སྒྲིག་བྱས་པ་དང་། དེའི་ཁྲོད། ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་བཞི་འབུམ་དགུ་ཁྲི་གཅིག་སྟོང་གསུམ་དྲུག་བརྒྱ་འདུ་ལ། ཞིང་ཆེན་རིམ་པའི་མ་དངུལ་སྒོར་བྱེ་བ་དྲུག་དང་འབུམ་དྲུག་ཁྲི་དྲུག་སྟོང་གཅིག་འདུ་བ་དང་། ཁུལ་རིམ་པའི་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གཅིག་འདུ་ལ། རྫོང་རིམ་པའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དགུ་ཁྲི་ལྔ་སྟོང་བདུན་བརྒྱ་འདུ་བ་དང་། བསྡོམས་པས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་དྲུག་འབུམ་གསུམ་ཁྲི་བརྒྱད་དང་བརྒྱ་ཁ་སྣོན་བྱས།

ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད། ད་ལོའི་ཚུན་དུ། གཅན་ཚ་རྫོང་གིས་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་ལས་མ་དངུལ་མཉམ་བསྲེས་བྱས་པ་དང་། བསམ་བློའི་སྟེང་སྤོབས་པ་ཆེན་པོས་གསར་གཏོད་བྱས་པ་དང་། སྡེ་ཁག་སོ་སོས་རང་འགུལ་གྱིས་འབད་འཐབ་བྱས་ལ། མ་དངུལ་གཅིག་གྱུར་མཉམ་བསྲེས་དང་བཀོལ་སྤྱོད་བྱེད་པའི་རྐྱེན་སྲོལ་བཙུགས་པ་དང་། ཞིང་ལས་མ་དངུལ་རང་དགར་དུ་བཀོལ་བའི་གནས་བབ་བསྒྱུར་ནས། ནོར་སྲིད་ཀྱི་ཞིང་ལས་མ་དངུལ་བཀོད་སྒྲིག་ལེགས་བསྒྱུར་བྱས། དོ་དམ་ཐད་ནས། རྫོང་རིམ་པའི་སྲིད་གཞུང་གིས་ལས་གཞིར་ཆོག་མཆན་འགོད་པ་དང་སྲིད་ཇུས་གཏན་འབེབ། མ་དངུག་གཏོང་བ། མཛུབ་སྟོན་ཞིབ་བཤེར་དང་ལྟ་སྐུལ་དཔྱད་ཞིབ་ཀྱི་རྐྱེན་སྲོལ་བཙུགས་ཏེ། མ་དངུལ་བདེ་འཇགས་དང་ཚད་ལྡན། ནུས་པ་ལྡན་པའི་སྒོ་ནས་བཀོལ་སྤྱོད་བྱེད་པའི་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། བཀོལ་སྤྱོད་སྟེང་། དབུལ་སྐྱོར་མཁྲེགས་གཏོར་ལྟར་ཞིང་ལས་མ་དངུལ་ལ་འཆར་འགོད་བྱེད་པ་དང་གཅིག་གྱུར་མཉམ་བསྲེས་བྱེད་པ། བཀོལ་སྤྱོད་བྱེད་པ་དང་། དབུལ་སྐྱོར་གྲུབ་འབྲས་དང་དམ་སྦྲེལ་བྱེད་པ། ཡིག་ཚགས་བཙུགས་པ་དང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ལ་དམིགས་པ། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱས་ཏེ། རང་ཉིད་འཕེལ་རྒྱས་སུ་གཏོང་བའི་ནུས་པ་ཇེ་དྲག་ཏུ་བཏང་།