ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་སུམ་ཅུའི་སྨན་བཅོས་སྡེ་ཁག་ཁྲི་གཉིས་ལྷག་དང་མཉམ་དུ་ཞིང་ཆེན་བརྒལ་ཏེ་ཞག་སྡོད་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་པ་མངོན་འགྱུར་བྱས་ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་སྨན་ཁང་སྟོང་གཅིག་དང་རྒྱ་བདུན་རྒྱལ་ཡོངས་ཀྱི་ཡུལ་གཞན་སྨན་བཅོས་བསྡོམས་རྩིས་དྲ་རྒྱའི་ནང་བཞག་སྟེ་འགན་སྲུང་ནང་ཞུགས་པའི་མང་ཚོགས་ཀྱི་ཞིང་ཆེན་བརྒལ་ཏེ་སྨན་བཅོས་བྱེད་པའི་ཁུར་བོ་ཇེ་ཡང་དུ་བཏང་།
ཞིང་ཆེན་བརྒལ་ཏེ་ཡུལ་གཞན་དུ་སྨན ་བཅོས་བྱེད་པ་དང་དུས་ཡུན་རིང་བོར་ཞིང་ཆེན་ཕྱི་རུ་བཅའ་སྡོད་བྱས་པའི་མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་ནང་ཞུགས་ཡོད་པའི་མི་ཚོགས་ཀྱིས་འབྲེལ་སྡེ་ཁག་ཏུ་སྙན་སེང་ཐོ་འགོད་བྱས་རྗེས་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྱེར་ནས་ཞིང་ཆེན་ཕྱིའི་གནས་གཏན་སྨན་ཁང་དུ་ཐད་ཀར་སྨན་བཅོས་བྱས་ཆོག་པ་དང་། འགན་སྲུང་ནང་ཞུགས་པའི་ས་ཁུལ་དུ་ཕྱིར་ཡོང་ནས་སྨན་རིན་རྩིས་རྒྱག་མི་དགོས་པ་ཡིན།
དེ་མིན། མཚོ་སྔོན་གྱིས་ད་རུང་ཧྲང་ཧེ་དང་པེ་ཅིན་སོགས་དང་མཉམ་ལས་བྱས་ཏེ་སྨན་བཅོས་འགན་སྲུང་མཉམ་ལས་ཀྱི་ནང་རྐྱེན་གསར་པ་བཙུགས་ཏེ་མང་ཚོགས་ཀྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་སྔར་ལས་སྟབས་བདེ་བསྐྲུན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། གོ་རིམ་རྗེས་མར་མུ་མཐུད་དུ་སྨན་བཅོས་འགན་སྲུང་དབུལ་སྐྱོར་བྱ་བ་དམ་འཛིན་བཟང་བོ་བྱས་ཏེ་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་ཡོད་ཚད་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པ་དང་མི་ཡོད་ཚད་ཀྱིས་སྨན་བཅོས་འགན་སྲུང་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།