ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་གཏིང་ཟབ་ཏུ་སྤེལ།
2019.12.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

བསྟུད་མར་ཉིན་འགའི་རིང་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཀྲི་མེན་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་པོ། ཞིང་ཆེན་སྲིད་གཞུང་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོས་ཝེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་མུའུ་ཧྥེ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཝེ་ཧྲིན་བཅས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་དེའི་ཁོངས་གཏོགས་འབྲི་སྟོད་རྫོང་དང་། ཞང་དང་གྲོང་རྡལ། གཞིས་ཁུལ། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། མཚོ་སྔོན་མི་རིགས་སློབ་ཆེན། ཟི་ལིང་སློབ་ཆེན་འཛུགས་སྐྲུན་གཞུང་སྒྲུབ་ཁང་བཅས་སུ་སོང་ནས་སྒྲོག་འགྲེལ་གཏིང་ཟབ་སྤེལ། ཁུལ་དང་རྫོང་། ཞང་དང་གྲོང་རྡལ། གཞིས་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས། མཐོ་རིམ་སློབ་གྲྭ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་དགེ་སློབ་སྟོང་དྲུག་ལྷག་གིས་སྙན་ཞུ་ལ་ཉན།

སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དགེ་མཚན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་རྟོན་ཇེ་བརྟན་དུ་གཏོང་བར་རྒྱུས་ལོན་ཟབ་མོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་སྤྱི་ཁོག་གི་རེ་བ་དང་སྤྱི་ཁོག་གི་དམིགས་འབེན། ལས་འགན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ། ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ནས། ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ་བཅས་ཕྱོགས་བཞིའི་ཐད་ནས། མིག་སྔའི་གནས་བབ་དང་ལས་འགན་ལ་ཟུང་འབྲེལ་བྱེད་པ་དང་། སྒྲོག་འགྲེལ་བྱེད་སའི་ས་ཁུལ་དང་སྡེ་ཁག་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། དཔེ་གཞི་དང་གཞི་གྲངས་དངོས་ལ་བརྟེན་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཐད་ནས་འགྲེལ་བཤད་དང་འགྲེལ་ཀློག་གསལ་བོ་བྱས་པ་དང་། བརྗེ་རེས་བཟང་བོ་དང་དོགས་གནད་སེལ་ལ། ཉན་མཁན་ཚོ་ལ་སྐུལ་མ་ཆེན་པོ་ཐེབས་སུ་བཅུག

ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀི་དབྱི་ཁྲིན་གྱིས། སྒྲོག་འགྲེལ་གྱིས་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན། གོ་རིམ་རྗེས་མར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། ཏང་འཛུགས་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ལམ་ལུགས་མ་ལག་གི་ནུས་པ་འདོན་སྤེལ་བྱེད་པ། ཏང་གི་རྩོམ་རིག་སྒྱུ་རྩལ་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་པར་མཐུན་སྒྲིལ་བྱས་ནས་འགན་འཁྲི་གཙོ་བོ་ཕྲག་ཏུ་ལེན་པ། དུས་རབས་གསར་བ་དང་རེ་བ་གསར་བར་རྐང་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་ནན་མོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ནུས་པ་འདོན་སྤེལ་བྱེད་དགོས་པའི་ཚུལ་བསྟན།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ལིས་ཆུང་གིས་བཤད་རྒྱུར། སྒྲོག་འགྲེལ་བརྒྱུད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་ཐུབ་པ་བྱུང་། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་ཁྲིད་ཁྲོད་བཞག་སྟེ། མི་རིགས་སོ་སོའི་སློབ་ཆེན་སློབ་མ་དག་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པའི་ཐད་གཞུང་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཚད་ལྡན་གྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་རུ་འགྱུར་བར་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཞིབ་འཇུག་པ་གཞོན་པ་ཞའོ་ལིས་ཀྱིས་བཤད་རྒྱུར། སྒྲོག་འགྲེལ་གྱིས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཐད་ཀྱི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་། སྤྱི་ཚོགས་ཚན་རིག་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ལམ་ལུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལམ་ལུགས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་ཆེད་དུ་སློབ་སྦྱོང་བྱེད་པའི་འདུ་ཤེས་དང་འགན་འཁྲི་ཁག་ཁུར་བརྟན་པོ་འཛུགས་པ། ཚན་རིག་གཞུང་ལུགས་སྣེ་ཁྲིད་དུ་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་བློ་འདོན་ཇུས་འབུལ་བྱེད་པ་དང་སྟོབས་ཤུགས་འབུལ་དགོས་ཟེར།