མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ལྗང་བསྒྱུར་ཁུལ་གྱི་དགུན་ཁའི་མེ་འགོག་བྱ་བ་བརྟན་བརླིང་ངང་བསྒྲུབས།
2019.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ལྗང་བསྒྱུར་ཁུལ་གྱི་དགུན་དུས་མེ་འགོག་བྱ་བ་བརྟན་བརླིང་ངང་བསྒྲུབ་པ་དང་། ནགས་ཁུལ་གྱི་མེ་སྐྱོན་ཉེན་ཁ་གཏན་འགོག་བྱེད་པ། ལྗང་བསྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ལྗང་བསྒྱུར་ཁུལ་གྱི་དགུན་ཁའི་མེ་འགོག་བྱ་བའི་གྲོས་ཚོགས་བསྡུས་ནས། འབྲེལ་ཡོད་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས་པ་དང་། བྱེད་ཐབས་ཇེ་དྲག་ཏུ་བཏང་ལ། འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། བྱ་བའི་གཙོ་གནད་གཏན་ཁེལ་བྱས་ཏེ། མེ་གསོད་མི་སྐྱོབ་ཐད་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས།

བྱ་བའི་བཀོད་སྒྲིག་ལྟར། ལྷོ་བྱང་རིའི་ལྗང་བསྒྱུར་བཀོད་འདོམས་པུའུ་ཡི་དགུན་ཁའི་མེ་འགོག་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། དུས་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱས་ལ། བྱ་བའི་བཀོད་གཏོང་ཇེ་དྲག་ཏུ་བཏང་། ལྗང་བསྒྱུར་ཁུལ་གྱི་དོ་སྲུང་འགན་འཁྲི་ལམ་ལུགས་བཙུགས་པ་དང་། ལྗང་བསྒྱུར་ཁུལ་གྱི་དགུན་ཁའི་མེ་འགོག་བྱ་བའི་ཇུས་གཞི་དང་མེ་འགོག་བྱ་བའི་འཕྲལ་བསྟུན་ཇུས་གཞི་འགྲེམ་སྤེལ་བྱས་ལ། རིམ་པ་བཞིན་འགན་འཁྲི་ཡི་གེ་བྲིས་པ་དང་འགན་འཁྲི་ས་ཁུལ་དབྱེ་འབྱེད་གཏན་འབེབས་བྱས་ཤིང་། འགན་འཁྲི་མི་སྣ་གཏན་ཁེལ་བྱས་ཏེ། འགན་འཁྲི་ཡོངས་ཁེབས་བྱེད་པར་ཁག་ཐེག་བྱས། དེ་དང་མཉམ་དུ། མེ་སྐྱོན་སྔོན་གྱི་ཚོད་འགོག་ཇེ་དྲག་ཏུ་བཏང་། ནགས་སྲུང་སྐོར་ཞིབ་མི་སྣ་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྱི་སྔོན་དུ་ལས་རྐང་དུ་ཞུགས་པ་དང་།  ཁུལ་ཁོངས་གཙོ་བོའི་ཐད་ཀྱི་མི་སྣ་ཇེ་མང་དུ་བཏང་ནས་ཚོད་འགོག་ལ་ཤུགས་བསྣན། བྱེས་སུ་ཁྲིམས་འགལ་མེ་སྤྱོད་འགུལ་སྐྱོད་དང་ནགས་ཚལ་མེ་སྐྱོན་ཉེན་ཁའི་ཐད་ཀྱི་ཞིབ་བཤེར་ཆེན་པོ་དང་དག་ཐེར་ལེགས་བཅོས་བརྟན་བརླིང་ངང་སྤེལ་བ་དང་། ལྗང་བསྒྱུར་ཁུལ་ཁོངས་ནང་གི་ལྡུམ་བུ་དང་སྡོང་སྐམ་སོགས་སྦར་སླ་བའི་དངོས་པོ་མེད་པར་བཟོས་ནས། མེ་སྐྱོན་འབྱུང་བར་སྔོན་འགོག་བྱེད་པ་དང་། མེ་སྐྱོན་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་བཏང་།