མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་བཅོ་བརྒྱད་དང་མི་སྒེར་བཅོ་བརྒྱད་ལ་རྒྱལ་ཡོངས་ཀྱི་བུད་མེད་བྱིས་པའི་དབང་ཆར་སྲུང་སྐྱོབ་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།
2019.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

ཉེ་ལམ། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་སྲོལ་བཟང་དར་སྤེལ་གཏོང་བ། སྤྱི་ཚོགས་ལས་རིགས་སོ་སོ་བུད་མེད་བྱིས་པར་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ཞུགས་པར་སྣེ་ཁྲིད་དང་སྐུལ་སློང་བྱེད་ཆེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་བུད་མེད་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཐག་གཅོད་འགྲེམ་སྤེལ་བྱས་ནས། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱིའི་རུ་ཁག་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་ཡན་ལག་རུ་ཁག་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ཉེས་དོན་ཉེན་རྟོག་སྤྱིའི་རུ་ཁག་གྱོད་གཞི་ཆེན་པོའི་རུ་ཁག་དང་པོ། མཚོ་སྔོན་ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་སྤྱི་ཕན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་སྤྱི་ཚོགས་ལས་དོན་ཁྲུའུ། མཚོ་སྔོན་ཞིང་ཆེན་ས་ཁམས་གཏེར་ཐོན་ཚད་ལེན་བེད་སྤྱོད་ལྟེ་གནས། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁྱིམ་ཚང་དང་བྱིས་པའི་བྱ་བའི་པུའུ། ཟི་ལིང་གྲོང་ཁྱེར་ཧུའུ་ཐའེ་སློབ་འབྲིང་། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྩ་སྟོད་རྫོང་སུ་རུག་ཞང་ཤེས་ཡོན་སྡེ་བའི་ཁེ་དབང་སྲུང་སྐྱོབ་ཞབས་ཞུ་ས་ཚིགས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་མི་དམངས་ཁྲིམས་ཁང་སོགས་ལས་ཁུངས་བཅོ་བརྒྱད་ལ་རྒྱལ་ཡོངས་བུད་མེད་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་སྔོན་ཐོན་ཐུན་མོང་གི་མཚན་སྙན་གནང་བ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་དང་པོའི་ཀྲུའུ་རིན་གཞོན་པ་ཏང་ཁྲུན་ཡན་དང་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་སྤྱི་ཚོགས་ཕན་བདེ་དང་དགེ་སྒྲུབ་ལས་དོན་སྐུལ་སྤེལ་ཁྲུའུ་ཡི་ལས་བྱེད་པ་ཝང་ལིས་ལིས། མཚོ་བྱང་བོད་རིགས་རང་སྐྱོབ་ཁུལ་རྐང་ཚ་རྫོང་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱི་ཀྲུའུ་རིན་ཧན་ཧྲུའུ་ཕེན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་མཚོ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་འདྲི་གཅོད་ཁང་གི་འགོ་གཙོ་ལྕགས་མོ་བྱམས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བའི་འགན་ཁུར་མི་སྣ་ཐེན་ཡུས་ཏན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་མཁར་ཁུལ་ཤར་མའི་ཁུ་ནུ་སྲང་ལམ་ཚྭ་མཚོ་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝེ་ཕིང་ལུའུ་སོགས་བློ་མཐུན་བཅོ་བརྒྱད་ལ་རྒྱལ་ཡོངས་བུད་མེད་བྱིས་པའི་ཁེ་དབང་སྲུང་སྐྱོབ་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།