ཉེ་བའི་ལོ་གསུམ་གྱི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་དབུར་ཐར་གྲུབ་འབྲས་དང་དབུལ་ཐར་ཕན་ནུས་མཐོར་འདེགས་གཏོང་རྒྱུ་དམིགས་འབེན་དུ་བྱས་ཏེ་རྒྱུན་མ་ཆད་པར་མ་དངུལ་བཀོད་སྒྲིག་ཇེ་ལེགས་སུ་བཏང་བ་དང་། དོ་དམ་སྒྲིག་གཞི་གསར་སྐྲུན་བྱས་ལ། ཞིང་ལས་འབྲེལ་བའི་མ་དངུལ་ལེགས་སྒྲིག་བྱ་བར་གཟབ་ནན་གྱིས་སྐུལ་འདེད་བཏང་བར་མ་ཟད། རྫོང་ཡོངས་ཀྱི་སྟོབས་ཤུགས་བཏོན་ཏེ་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་འབད་བརྩོན་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། པད་མ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་རིམ་པ་སོ་སོའི་ནོར་སྲིད་སྔོན་རྩིས་ནང་བགོ་བཤའ་བྱས་པའི་དབུལ་སྐྱོར་མ་དངུལ་དང་། དེ་མིན་ཞིང་ལས་དང་ནགས་ལས། ཆུ་བེད། དབུལ་སྐྱོར། འགྲིམ་འགྲུལ། འཕྲོད་བསྟེན། སློབ་གསོ་སོགས་སྡེ་ཁག་གིས་དབུལ་སྐྱོར་ཐད་བཀོལ་བའི་ཆེད་སྤྱོད་མ་དངུལ་གཅིག་གྱུར་ལེགས་སྒྲིག་བྱས་ཏེ་དབུལ་སྐྱོར་མ་དངུལ་བཀོལ་སྤྱོད་བཟང་བོ་བྱས། ལོ་བགར་ཏེ་པད་མ་རྫོང་གི་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་ལེགས་སྒྲིག་ལག་བསྟར་ཇུས་གཞི་གཏན་ཁེལ་བྱས་པ་དང་། ལས་གཞིའི་མཛོད་འཛུགས་སྐྲུན་གྱི་བླང་བྱ་ལྟར། རྫོང་ནས་སྡེ་བའི་བར་རིམ་པ་བཞིན་ལས་གཞིའི་མཛོད་བཙུགས་པ་དང་། ལག་བསྟར་བྱས་པའི་དབུལ་སྐྱོར་ལས་གཞི་ཡོད་ཚད་ལས་གཞིའི་མཛོད་ནང་དུ་གདམ་གསེས་བྱས་ནས་ལས་གཞི་གདམ་གསེས་ཀྱི་མུན་འཐོམས་རང་བཞིན་དང་གང་འདོད་རང་བཞིན་སྔོན་འགོག་བྱས།
ཉིས་སྟོང་བཅུ་བདུན་ལོ་ནས་ད་ལྟའི་བར། པད་མ་རྫོང་གིས་བསྡོམས་པས་ཞིང་ལས་དང་འབྲེལ་བའི་མ་དངུལ་སྒོར་དུང་ཕྱུར་ལྔ་ལེགས་སྒྲིག་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་ལས་གཞི་བརྒྱད་ཅུ་ལག་བསྟར་བྱས་ཏེ་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་དགུ་བརྒྱ་ཞེ་ལྔའི་དབུལ་ཕོངས་མི་གྲངས་སྟོང་བརྒྱད་ལྷག་ལ་ཁེ་ཕན་ལ་བསྐྲུན་པ་དང་། སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ཀྱི་དམིགས་འབེན་དོན་འཁྱོལ་བྱས་ཏེ་ཧུར་ཐག་གིས་མ་དངུལ་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས།